འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་གཟེངས་རྟགས་བཞེས་བཞིན་པ།
དབྱིན་ཇིའི་རྒྱལ་ཁབ་དུ་ཆོས་ལུགས་སྣ་ཆོགས་ཀྱི་ཆོས་ཚོགས་༤༩༨༨༡་ཡོད་པའི་ནང་ནས་འདི་ལོ་གཟེངས་རྟགས་ཐེངས་བདུན་པ་དེ་ཆོས་ཚོགས་༣༢་འདེམ་སྒྲུག་ནང་ནས་ནང་པའི་ཆོས་ལུགས་ནང་ནས་སྨར་ཚང་བཀའ་བརྒྱུད་འདེམ་སྒྲུག་བྱས་ནས་གཟེངས་རྟགས་ཕུལ་ཡོད་པ་རེད།
མཛད་སྒོའི་དངོས་གཞི།
སྐུ་མགྲོན་རྣམས་ཡར་བཞེངས་ནས་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་ལ་དགའ་བསུ་ཞུས་ནས་ཕྱག་རྡེབ་བཞིན་པ།
འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་གཟེངས་རྟགས་བཞེས་བཞིན་པ།
དབྱིན་ཇིའི་རྒྱལ་ས་ལོན་གྲོན་ལ་སྨར་ཚང་བཀའ་བརྒྱུད་ལ་གཟེངས་རྟགས་ཕུལ་བཞིན་པ།
སྨར་ཚང་བཀའ་བརྒྱུད་ལ་གཟེངས་རྟགས་ཕུལ་བའི་མཛད་སྒོ།
དབྱིན་ཇིའི་རྒྱལ་ཁབ་དུ་ཡེ་ཤུ། ཧེ་ཏུང་། ཁ་ཆེ། ཇུན་ཤུ། ནང་པ་སོགས་ཀྱིས་གཞུང་འབྲེལ་དེབ་སྐྱེལ་བྱས་པའི་ཆོས་ཚོགས་༤༩༨༨༡་དང་རྒྱལ་ས་ལོན་གྲོན་ལ་ཆོས་ཚོགས་༢༢༠༠་ཡོད་པའི་ནང་ནས་ཆོས་ཚོགས་༣༢་འདེམ་སྒྲུག་བྱས་པའི་ནང་ནས་སྨར་ཚང་བཀའ་བརྒྱུད་འདེམ་སྒྲུག་བྱས་ཡོད་པ་རེད། ནང་པའི་ཆོས་ཚོགས་སྨར་ཚང་བཀའ་བརྒྱུད་གཅིག་པུ་་འདེམ་ཡོད་པ་རེད།
དབྱིན་ཇིའི་རྒྱལ་ཁབ་དུ་སྨར་ཚང་བསྟན་པའི་བདག་པོ་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་ལ་གཟེངས་རྟགས་ཕུལ་བའི་མཛད་སྒོ།
ཕྱི་ལོ་༢༠༢༣་ཟླ་བ་༡༡་ཚེས་༢༡་ལ་སྨར་ཚང་བཀའ་བརྒྱུད་ལ་གཟེངས་རྟགས་ཕུལ་བའི་སྐབས་ཀྱི་སྐུ་མགྲོན་རྣམསམ་ཀྱི་པར།
འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེའི་བཀའ་སློབ།
འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་༢༠༠༨་དབྱིན་ཇིའི་རྒྱལ་ས་ལོན་གྲོན་ལ་བཀའ་སློབ་གནང་བཞིན་པ།

འབྲེལ་གཏུགས།

སྐུ་ཉིད་སྨཪ་ཚང་བཀའ་བརྒྱུད་ལས་ཁུངས་ལ་འབྲེལ་གཏུགས་གནང་བར་ཐུགས་རྗེ་ཆེ། ང་ཚོའི་ཁྱོད་རང་གི་རེད་འདོད་དང་དམིགས་ཡུལ་གང་ཡིན་པ་དེ་དུས་ཐོག་ཕུལ་ཐུབ་པ་ཞུ་རྒྱུ་ཡིན། གནོན།

སྨར་ཚང་བཀའ་བརྒྱུད་ཀྱིས་དབྱིན་ཇི་དང་ཐེ་ཝན་ལ་ལོ་རྟག་ཆོས་ཕྱོགས་ཀྱི་བྱེད་སྒོ་གཏན་ཁེལ་བའི་རིགས་རྣམས་བཤམ་དུ་ངོ་སྤྲོད་མདོར་བསྡུས་ཞུ་ཡོད་པས་གཟིགས་རོགས། གལ་ཏེ་དོག་འདྲི་དགོས་ངེས་མཐོང་ཚེ་ཁ་བྱང་ཐོག་འབྲེལ་གཏུགས་གནང་རོགས། །

Read more ...
  • ཐེ་པེ་ཆོས་ཚོགས།
    ཐེ་པེ་ཆོས་ཚོགས།

     

     

    ༧འགྲོ་མགོན་གངས་རི་ཀརྨ་མཆོག་གིས་ཕྱི་ལོ་༢༠༠༡་ལ་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ལ་གསར་དུ་བསྐྲུན་པའི་སྙིང་རྗེ་ཀུན་ཁྱབ་གླིང་ཞེས་པའི་ཆོས་ཚོགས། 

  • གངས་རི་ཀརྨ།
    གངས་རི་ཀརྨ།

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེ།

  • གངས་རི་ཀརྨ།
    གངས་རི་ཀརྨ།

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེས་བཞེངས་པའི་བཤད་གྲྭའི་ཐོག་ཏུ་གཟིམ་ཤག་ནང་རྩོམ་བྲིས་བཞིན་པ། 

  • ཐེ་ཝན་ལ།
    ཐེ་ཝན་ལ།

     

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེ་མཆོག་མཛད་སྒོར་ཐོག་ཕེབས་བཞིན་པ། 

  • སྨར་ཁམས་གྱི་སློབ་གྲ༎
    སྨར་ཁམས་གྱི་སློབ་གྲ༎

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེས་ཕྱི་ལོ་༡༩༩༣་ལོར་ལེགས་གྲུབ་བྱུང་བའི་ཀུན་ཕན་གསོ་སྐྱོང་སློབ་གྲྭ་ཡིན། 

  • ཐེ་ཀྲོང་ཆོས་ཚོགས།
    ཐེ་ཀྲོང་ཆོས་ཚོགས།

     

    འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་ཐེ་ཀྲོང་ལ་བཞེངས་པའི་ཆོས་ཚོགས་མཛད་སྒོ་གནང་བཞིན་པ། 

  • ཐེ་ཀྲོང་ཆོས་ཚོགས་གསར་པ།
    ཐེ་ཀྲོང་ཆོས་ཚོགས་གསར་པ།

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེས་ཐེ་ཀྲོང་ལ་གསར་དུ་བཞེངས་པའི་ཆོས་ཚོགས་ལ་བཀའ་སློབ་གནང་བཞིན་པ། 

  • ཐེ་ཀྲོང་ཆོས་ཚོགས།
    ཐེ་ཀྲོང་ཆོས་ཚོགས།

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེས་ཐེ་ཀྲོང་ཆོས་ཚོགས་ལ་ཞེ་པ་བཞི་བྲལ་གསུངས་བཞིན་པ།

  • ཞི་བདེ་དེད་དཔོན།
    ཞི་བདེ་དེད་དཔོན།

     

     

    ཕྱི་ལོ་༡༩༩༧་ལོ་འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེ་མཆོག་སླར་བྲོས་འབྱོར་སླེབས་དུ་༧རྒྱལ་དབང་བཅུ་བཞི་པ་དང་མཇལ་འཕྲད་གནང་བ།

 

ཆོས་ལུགས་ཀྱི་ཐོབ་ཐང་འདྲ་མཉམ་ལོངས་སྤྱོད་པའི་དབྱིན་ཇིའི་རྒྱལ་ཁབ་འདི་ལ། ཡེ་ཤུ་དང་། ཧེ་ཏུང་། ཁ་ཆེ། ནང་པ་སོགས་གཞུང་འབྲེལ་དེབ་སྐྱེལ་བྱས་པའི་ཆོས་ཚོགས་༤༩༨༨༡ ཡོད་ཅིང་། རྒྱལ་ས་ལོན་གྲོན་ལ་ཆོས་ཚོགས་༢༢༠༠ ཡོད་པ་རེད། དབྱིན་ཇིའི་རྒྱལ་་པོ་ King Charles ཕྱྭ་ལི་སི་ཡིས་བཙུགས་པའི་the Faith &Belief Forum ཞེས་པའི་ལུགས་ཀྱི་གཟེངས་རྟགས་ཚོགས་པ་འདིས། ཕྱི་ལོ་༢༠༢༣ ལོ་ཟླ་བ་༡༡ ཚེས་༢༡ ལ་གཟེངས་རྟགས་ཐེངས་བདུན་པ་འདི་ཆོས་ཚོགས་༣༢ འདེམ་སྒྲུག་བྱས་པ་ནང་ལ། སྨར་ཚང་བཀའ་བརྒྱུད་རྟག་བརྟན་ཕུན་ཚོགས་གླིང་ཡང་འདེམ་སྒྲུག་བྱས་ཡོད་གསུངས་སོང། གཟེངས་རྟགས་འདི་ཆོས་ལུགས་སོ་སོའི་ལྟ་གྲུབ་དང་། རིགས་གཞུང་། གོམས་སྲོལ་སོགས་ཐབས་སྣ་ཚོགས་ལ་བརྟེན་ནས་ཡུལ་འདི་མི་རྣམས་ལ་ཕན་པའི་ལས་དོན་གྱི་གྲུབ་འབྲས་གཟེངས་སུ་ཐོན་པའི་དཔང་རྟགས་ཕུལ་བ་ཡིན་ཞེས་འགྲེལ་བརྗོད་གནང་། སྨར་ཚང་བཀའ་བརྒྱུད་ལ་གཟེངས་རྟགས་ཕུལ་བ་འདི་མདོར་བསྡུས་ན་གཉིས་སུ་ངེས་ཡོད། དང་པོ་ནི། ཡུལ་འདིར་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྲོལ་བརྒྱུད་རྙིང་མའི་ཐབས་ལམ་ལ་བརྟེན་ནས་ལོ་བཅུ་ཕྲག་གཅིག་ལྷག་གི་རིང་ལ། སྡེ་ཚན་རེ་ལ་ལོ་གསུམ་དང་ཕྱེད་ཀའི་སློབ་ཚན་མཐར་ཕྱིན་པ་ཁྲིད་ནས་གྲུབ་དོན་ལག་འཁྱེར་སྤྲོད་ཅིང། ཉམས་ལེན་གྱི་རིམ་པ་ཡང་སྲོལ་བརྒྱུད་ལྟར་ཁྲིད་པ་འདི་གཞན་ལས་ཁྱད་པར་འཕགས་པ་ངོས་འཛིན་ཞུས་ནས་གཟེངས་རྟགས་ཕུལ་བ་ཡིན་ཞེས་གསུངས། གཉིས་པ་ནི། གཏོག་དབྱིབས་ནད་དུག་གི་སྐབས་སུ་སློབ་རྒན་ཚོས་ཆོས་ལུགས་རིས་མེད་ཀྱི་མི་རྣམས་སེམས་ཁམས་ཞི་བ་ལ་གནས་པའི་ཕྱིར་ཏུ། དྲན་པ་དབྱུག་ལ་གཏད་པ། དྲན་པ་ལུས་ལ་གཏད་པ། དྲན་པ་ཚོར་བ་ལ་གཏད་པའི་ཐབས་ལམ་ལ་བརྟེན་ནས་ལོ་གཉིས་ཀྱི་རིང་སྒོམ་ཁྲིད་རྒྱུན་སྐྱོང་བས་མི་མང་པོ་ཞིག་གི་སེམས་ཁམས་ལྷོད་དུ་འབབ་པ། སྐྱོ་སྣང་བསང་བ། འཇིགས་སྣང་ཞི་བ་སོགས་གྲུབ་འབྲས་ཆེན་པོ་ཐོན་པ་ངོས་འཛིན་ཞུས་ནས་གཟེངས་རྟགས་ཕུལ་བ་ཡིན་ཞེས་འགྲེལ་བརྗོད་གནང་སོང། དེ་རིང་གཟེངས་རྟགས་ཐོབ་པའི་ཆོས་ཚོགས་༣༢ ནང་ནས་སྐྱར་དུ་ཆོས་ཚོགས་༨ འདེམ་སྒྲུག་བྱས་ནས་ཚེས་༢༢ ལ་དམིགས་གསར་གྱི་བཅར་འདྲི་ཞུ་རྒྱུ་ཡིན་ཞེས་བརྡ་འཕྲིན་འབྱོར་སོང་བས། ང་ཚོའི་སློབ་མ་ཞིག་གིས་བཅར་དྲི་ལེན་འདེབས་བྱས་པ་རྣམས་ཚོགས་པ་དེའི་དྲ་ལམ་དུ་རིམ་བཞིན་འགོད་རྒྱུ་ཡིན་གསུངས། འདི་ནི་སྨར་ཚང་བསྟན་པའི་བདག་པོ་༧ འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་ཕྱི་ལོ་༢༠༠༨ ལོ་ལོན་གྲོན་ལ་སྨར་ཚང་བཀའ་བརྒྱུད་རྟག་བརྟན་ཕུན་ཚོགས་གླིང་ཕྱག་བཏབ་པ་ནས་བཟུང་ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རིང་ཉིན་མཚན་དབྱེར་མེད་འབད་བརྩོན་བྱས་པ་དང་། སྲི་ཞུ་ལས་བྱེད་ཚོས་ཀྱང་ལྷག་བསམ་བཟང་པོ་ཀུན་ནས་སླངས་ནས་འགྲོ་སོང་ཆེ་ཆུང་ཐམས་ཅད་སོ་སོའི་བཏང་ནས་འབད་བརྩོན་བྱས་པའིི་གྲུབ་འབྲས་གཟེངས་སུ་ཐོན་པའི་དཔང་རྟགས་གནང་བ་ལ་བརྟེན་ནས། སྲི་ཞུ་བ་རྣམས་སླར་ཡང་སེམས་ཤུགས་དང་སྙིང་སྟོབས་བསྐྱེད་པ་ལ་ཕན་ཐོག་ཆེན་པོ་བྱུང་སོང་བས། སྨར་ཚང་རྟག་བརྟན་ཕུན་ཚོགས་གླིང་གི་ལས་ཁུངས་ནས་དྲང་བདེན་གྱི་ལས་ལ་བརྩོན་པའི་the Faith &Belief Forum ཚོགས་པ་འདིའི་དབུ་ཁྲིད་དང་། ཉམས་ཞིབ་པ། ལས་བྱེད་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེན་ཞུས་ཀྱིན་ཡོད།

 

 

  

                                                        
                                                  ལྷ་རམས་པ་དགེ་བཤེས་ངག་དབང་མཆོག་ལྡན་གྱིས་བརྩམས།

 

                     ཤར་སྨར་ཁམས་གླིང་དུ་སྐྱེ་བ་བཞེས། །
                     ནུབ་འཕགས་པའི་ཡུལ་ནས་ཡོན་ཏན་རྒྱས། །
                     ལྷོ་འཛམ་བུ་གླིང་གི་ཡུལ་གྲུ་ཀུན། །
                     མགོན་གངས་རི་ཀརྨས་འགྲོ་དོན་མཛད། །

 

                   བདུད་སོག་དམག་གོ་ཤྲི་རྒྱལ་པོ་ཡིས། །
                   སྨར་ཤོ་ཙོམ་གདན་ས་རྣམ་གཉིས་ཀྱི། །
                   དགོན་ཁྲི་སྟོང་མང་པོ་གཏོར་ན་ཡང་། །
                   ནང་བསྟན་པའི་སྙིང་པོ་མ་ཉམས་བཞུགས། །

                   རྗེ་སྨར་པའི་ཕྱག་ཆེ་བསྟན་པ་འདི། །

                   རྗེ་གྲུབ་ཐོབ་གོང་མའི་ལུང་བསྟན་ལྟར། །
                    རྗེ་འགྲོ་མགོན་རིན་ཆེ་སླར་བྱོན་པའི། །
                    
                    རྗེ་གངས་རི་ཀརྨས་སླར་གསོ་མཛད། །
ཞེས་བསྟོད་ཚིག་གི་མེ་ཏོག་སྔོན་དུ་འཐོར་ནས་སྐབས་འདིར་གླེང་བར་བྱ་བ་ནི་སྨར་ཁམས་ཁྲ་མོ་གླིང་གི་ཡུལ་དུ། སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་ས་ཁྱབ་རྡོ་དར་དུ་གྱུར་ནས་འགྲོ་བ་མང་པོར་ཐར་པའི་ལམ་སྟོན་བྱས་པའི་ཕྱག་རྗེས་ནི་བསུབ་ཀྱང་ཟུབ་ཏུ་མེད། འོན་ཀྱང་རྐྱེན་ངན་སྣ་ཚོགས་དབང་གིས་རིམ་བཞིན་བསྟན་པའི་ཉི་མ་ནུབ་ཀྱི་རི་བོའི་ཕྲག་ནས་བཞུད་དགོས་འཁེལ་ཡང། དུས་གསུམ་ལ་མཁྱེན་པའི་གྲུབ་ཐོབ་མང་པོས་སྨར་པའི་བསྟན་པ་སླར་ཡང་གསོ་བའི་དུས་འོང་བར་ཡང་ནས་ཡང་དུ་ལུང་བསྟན་པ་ལྟར། ཤར་སྨར་ཁམས་གླིང་གི་ས་ཆ་ན་དུས་རབས་ཉི་ཤུ་པའི་ནང་དུ་སྐུ་འཁྲུངས་ཤིང་། ལོ་རབས་བརྒྱད་བཅུ་པ་ནས་ནུབ་འཕགས་པའི་ཡུལ་དུ་ཐུགས་ཀྱི་ཡོན་ཏན་རྒྱས་པར་བྱས།  དུས་རབས་ཉེར་གཅིག་པའི་ནང་འཛམ་གླིང་ཤར་ལྷོའི་ཡུལ་གྲུ་ཀུན་ན་གསུང་གི་མཛད་འཕྲིན་སྨིན་པའི་ལེའུ་ལས་ཟེའུ་འབྲུ་ཙམ་ཞིག་བླངས་ནས་བརྗོད་ན། དེ་ཡང་སྟོབས་ཆེན་དབྱིན་ཇིའི་རྒྱལ་ཁབ་དུ་སྨར་ཚང་བཀའ་བརྒྱུད་རྟག་བརྟན་ཕུན་ཚོགས་གླིང་ཕྱག་བཏབ་ནས་མི་ལོ་བཅུ་ཕྲུག་ལྷག་གི་རིང་ལ།  དཀའ་ངལ་འཛེམ་མེད་ཀྱི་སྒོ་ནས་སྨར་ཚང་ལམ་རིམ་ཆེན་མོ་དང་། སྨར་ཚང་ཕྱག་ཆེན་སོགས་ནང་པའི་ལྟ་གྲུབ་དང་རིག་གཞུང་འཆད་ཁྲིད་རྒྱུན་སྐྱོང་གནང་བས། འགྲོ་བ་མང་པོ་ཞིག་སེམས་ཁམས་ལ་འགྱུར་བ་འཐད་ཐུབ་པར་གྱུར། ལྷག་པར་དུ་གཏོ་དབྱིབས་ནད་དུག་གི་རྐྱེན་པས་འཛམ་གླིང་ཧྲིལ་པོ་ཆེས་མུན་ནག་གི་ནང་དུ་ལྷུང་ནས་སེམས་ལ་འཇིགས་སྣང་དང་། སྐྱོ་སྣང་། ངལ་དུག་གི་ཁེངས་པའི་དུས་སུ། འགྲོ་མགོན་མཆོག་གིས་སྐད་རིགས་གསུམ་གྱི་སློབ་དགེ་བཙུགས་ནས་ལོ་ངོ་ཧྲིལ་པོ་གཉིས་ལ་སྒོམ་ཁྲིད་རྒྱུན་བསྐྱངས་པས། ཆོས་ཡོད་སྨྲ་བ་དང་ཆོས་མེད་སྨྲ་བའི་འགྲོ་བ་མང་པོ་ཞིག་བཟོད་དཀའ་བའི་འཇིགས་སྣང་ལས་སྐྱོབས་པའི་རླབས་ཆེན་གྱི་ནུས་པ་ཐོན། འཛམ་གླིང་ས་ཡི་སུམ་གཉིས་དབང་དུ་བསྒྱུར་བའི་དབྱིན་ཇི་རྒྱལ་པོའི་རྒྱུད་འཛིན་པ། རྒྱལ་པོ་ཕྱྭ་ལི་སི་ཡིས་རྟེན་བཞེངས་བྱས་པའི་ཆོས་ལུགས་དད་མོས་ཀྱི་རང་དབང་ཞེས་པའི་ཚོགས་པ་དེ་ཉིད་ཀྱིས། དབྱིན་ཇིའི་རྒྱལ་ཁབ་ཏུ་གཞུང་འབྲེལ་གྱི་དེབ་སྐྱེལ་བྱས་པའི་ཡེ་ཤུ། ཧིན་དུ། འཇི་ཤུ། པག་ཇམ། ཁ་ཆེ། བོད་ཆོས། རྒྱ་ཆོས། ཐེག་དམན་སོགས་ཆོས་ཚོགས་བཞི་ཁྲི་དགུ་སྟོང་བརྒྱད་བརྒྱ་བརྒྱ་ཅུ་གྱ་གཅིག་དང་། རྒྱལ་ས་ལོ་ཊོན་དུ་ཆོས་ཚོགས་གཉིས་སྟོང་གཉིས་བརྒྱ་ཡོད་པ་རྣམས་ཀྱིས་ཡུལ་འདི་འགྲོ་བ་མི་དམངས་ལ་ཕན་ནུས་གཟེངས་སུ་ཐོན་པའི་ཆོས་ཚོགས་སུམ་ཅུ་སོ་གཉིས་འདེམ་སྒྲུག་བྱས་ནས། ཕྱི་ལོ་༢༠༢༣ ཕྱི་ཟླ་བ་༡༡་ཚེས་༢༡ ལ་གཟེངས་རྟགས་ཐེངས་བདུན་པ་འབུལ་གཏན་ཁེལ་ནས་ཉམས་ཞིབ་བྱས་པའི་ཁྲོད་དུ། ནང་པའི་ཆོས་ཚོགས་ནང་ནས་སྨར་ཚང་བཀའ་བརྒྱུད་རྟག་བརྟན་ཕུན་ཚོགས་གླིང་གཅིག་པུ་བདམས་ཐོན་བྱུང་ཞིང་། དེ་ཡང་ཆོས་ཚོགས་སུམ་ཅུ་སོ་གཉིས་ཀྱི་ནང་ཚན་དུ་སྨར་ཚང་བཀའ་བརྒྱུད་ཨང་རིམ་གསུམ་པ་ལ་འདེམ་སྒྲུབ་བྱས་པ་འདི། སྤྱིར་ནང་པ་སངས་རྒྱས་པ་དང། བྱེ་བྲག་ཏུ་བོད་བརྒྱུད་ནང་བསྟན། སྒོས་སུ་སྨར་ཁམས་ཁྲ་མོ་གླིང་གི་གཟི་བརྗིད་དང་། ཡང་སྒོས་སྨར་ཚང་བཀའ་བརྒྱུད་ཀྱི་གཟི་བརྗིད་ལུས་ཡིན། གཟེངས་རྟགས་འདི་ནི་རྨོངས་དད་ཀྱི་ལམ་ནས་ཕུལ་བ་མ་ཡིན་པ། ཉམས་ཞིབ་པ་དག་གིས་གཟུར་བོ་གནས་པའི་དྲང་ཐིངས་བཏབ་ནས་ཐོབ་པའི་གཟེངས་རྟགས་ཤིག་ཡིན།  མི་རིགས་མི་གཅིག་པའི་ཚོགས་བཅར་བ་རྣམས་ཀྱི་ལུས་ཀྱི་གུས་བཀུར་མཚོན་ཕྱིར་སྐྲ་ལོ་གསེར་དང་འདྲ་བའི་མགོ་བོ་ཐུར་དུ་གུས། ངག་གི་གུས་བཀུར་མཚོན་ཕྱིར་ཕྱག་གཉིས་ཐལ་མོའི་རྡེབ་སྒྲ་སྒྲོག། སེམས་ཀྱི་གུས་བཀུར་མཚོན་ཕྱིར་དགའ་བའི་འཛུམ་མདངས་མངོན་ནས་ཡར་ལ་བཞེངས། དེ་ཡང་གནའ་མི་བོད་ཀྱི་གཏམ་དཔེ་ལ། བུ་ཕས་བསྟོད་མི་དགོས་དགྲ་ཡིས་བསྟོད། བུ་མོ་མས་བསྟོད་མི་དགོས་གཉེན་གྱིས་བསྟོད། ཅེས་པ་ལྟར་བུའོ། འགྲོ་མགོན་གངས་རི་ཀརྨ་པས་མི་ལོ་བཅུ་ཕྲག་གཅིག་ལྷག་གི་རིང་། སྨར་ཚང་ཉམས་གསོ་བྱེད་པའི་དུས་དེར་ཕྱི་ནང་གི་འགལ་རྐྱེན་མང་པོ་ཞིག་འཕྲད་ཡོད་ཀྱང་། རིན་པོ་ཆེ་མཆོག་གི་སྙིང་སྟོབས་དང་རྣམ་དཔྱོད་ལ་རྟེན་ནས་ཕལ་རྒོལ་ཐ་དག་འཇོམས་པ་བྱེད་པའི་དན་རྟགས་སུ་ཐོབ་པའི་གཟེངས་བསྟོད་ཞིག་ཀྱང་ཡིན། སྨར་ཚང་བསྟན་པའི་འོད་སྣང་ནུབ་ཕྱོགས་སུ་འཕྲོ་བའི་ལོ་རྒྱུས་པདྨ་དཀར་པོ་ལས་ཟེའུ་འབྲུ་ཙམ་ཞིག་བསླངས་ཏེ། ལྷ་རམས་པ་ངག་དབང་མཆོག་ལྡན་གྱིས་འཚངས་འདྲིའི་ཚུལ་དུ་བྲིས་ནས་ཕྱི་ལོ་༢༠༢༣་ཕྱི་ཟླ་༡༡་ཚེས་༢༣་ལ་ཕུལ། །བཀྲ་ཤིས་པར་འགྱུར་ཅིག །