ཕྱི་ལོ་༢༠༠༩་ཟླ་༡༢་ཚེས་༢༩་ཉིན་སྨར་ཚང་བཀའ་བརྒྱུད་དབུ་བརྙེས་ནས་མི་ལོ་༨༤༢་དང་ཉམས་རྒུང་སོང་ནས་ལོ་ངོ་༣༧༠་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་དབྱིན་ལེན་དུ་སྨར་ཚང་བཀའ་བརྒྱུད་སྲི་ཞུ་ཚོགས་པ་ནས་གནང་གཏན་འཁེལ་འདུག་པར་དགའ་སྤྲོ་བརྟས།
ཨོྃ་སྭ་སྟི་སིདྷཾ། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
བསོད་ནམས་ཆུ་གཏེར་ཡོན་ཏན་པདྨོའི་ཚལ། །
ཕན་བདེའི་དྲི་བཟང་དགེ་འདུན་བུངས་བས་བསྟེན། །
ཏིང་འཛིན་སྦྲང་རྩིས་སྐྱེ་དགུའི་གདུང་སེལ་བ། །
འགྲོ་བའི་བླ་མ་རྟག་ཏུ་རྒྱལ་གྱུར་ཅིག །
མཉམ་མེད་བླ་མ་རིན་པོ་ཆེ། །
ཡོན་ཏན་རང་བཞིན་ནམ་མཁའི་ཐུགས། །
སྣ་ཚོགས་ཐབས་ཀྱིས་གདུལ་བྱ་ལ། །
གཞན་ཕན་འགྲུབ་པའི་བཀྲ་ཤིས་ཤོག །
བསྔགས་འོས་ལ་བསྔགས་པའི་རབ་བྱེད་བཞུགས།
བསྔགས་པ་འོས་པའི་རབ་ཏུ་བྱེད་པ་ཞེས་བྱ་བ། །
བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །
དཔལ་ཀུན་གྱི་ནི་འབྱུང་གནས་ཏེ། །
སྲིད་པ་གསུམ་གྱི་སྐྱབས་གཅིག་པུ། །
ཆེ་བའི་ཆེ་བས་གུས་བཏུད་པ། །
སངས་རྒྱས་དཔལ་གྱི་ཡུལ་ལ་འདུད། །
ཨོཾ་སྭ་སྟི་སིངདྷཾ། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
བདེན་པར་སྨྲ་བ་འཕགས་པ་རྒྱ་མཚོའི་འཁོར། །
འདུས་པའི་གཙུག་ན་སྟོང་ཉིད་སེངྒེའི་སྒྲ། །
རྡུལ་བྲལ་དཔག་ཡས་འཇམ་པའི་ཡན་ལག་གིས། །
སྒྲ་དབྱངས་སྒྲོགས་པ་དེ་ལ་ཕྱག་འཚལ་ལོ། །
གསུང་རབ་རིན་པོ་ཆེ་རྣམ་པར་བཀོད་པའི་མཚོན་བྱེད་ཅེས་བྱ་བ།
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །
བླ་མ་དམ་པ་རྣམས་ཀྱི་རང་བཞིན་ནི། །
བླ་མེད་སངས་རྒྱས་ཐམས་ཅད་གཅིག་བསྡུས་སླད། །
བླ་ན་མེད་པའི་དཔལ་འབྲས་ཀུན་སྩོལ་བའི། །
བླ་མེད་བླ་མའི་ཚོགས་ལ་ཕྱག་འཚལ་ལོ། །