འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་གཟེངས་རྟགས་བཞེས་བཞིན་པ།
དབྱིན་ཇིའི་རྒྱལ་ཁབ་དུ་ཆོས་ལུགས་སྣ་ཆོགས་ཀྱི་ཆོས་ཚོགས་༤༩༨༨༡་ཡོད་པའི་ནང་ནས་འདི་ལོ་གཟེངས་རྟགས་ཐེངས་བདུན་པ་དེ་ཆོས་ཚོགས་༣༢་འདེམ་སྒྲུག་ནང་ནས་ནང་པའི་ཆོས་ལུགས་ནང་ནས་སྨར་ཚང་བཀའ་བརྒྱུད་འདེམ་སྒྲུག་བྱས་ནས་གཟེངས་རྟགས་ཕུལ་ཡོད་པ་རེད།
མཛད་སྒོའི་དངོས་གཞི།
སྐུ་མགྲོན་རྣམས་ཡར་བཞེངས་ནས་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་ལ་དགའ་བསུ་ཞུས་ནས་ཕྱག་རྡེབ་བཞིན་པ།
འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་གཟེངས་རྟགས་བཞེས་བཞིན་པ།
དབྱིན་ཇིའི་རྒྱལ་ས་ལོན་གྲོན་ལ་སྨར་ཚང་བཀའ་བརྒྱུད་ལ་གཟེངས་རྟགས་ཕུལ་བཞིན་པ།
སྨར་ཚང་བཀའ་བརྒྱུད་ལ་གཟེངས་རྟགས་ཕུལ་བའི་མཛད་སྒོ།
དབྱིན་ཇིའི་རྒྱལ་ཁབ་དུ་ཡེ་ཤུ། ཧེ་ཏུང་། ཁ་ཆེ། ཇུན་ཤུ། ནང་པ་སོགས་ཀྱིས་གཞུང་འབྲེལ་དེབ་སྐྱེལ་བྱས་པའི་ཆོས་ཚོགས་༤༩༨༨༡་དང་རྒྱལ་ས་ལོན་གྲོན་ལ་ཆོས་ཚོགས་༢༢༠༠་ཡོད་པའི་ནང་ནས་ཆོས་ཚོགས་༣༢་འདེམ་སྒྲུག་བྱས་པའི་ནང་ནས་སྨར་ཚང་བཀའ་བརྒྱུད་འདེམ་སྒྲུག་བྱས་ཡོད་པ་རེད། ནང་པའི་ཆོས་ཚོགས་སྨར་ཚང་བཀའ་བརྒྱུད་གཅིག་པུ་་འདེམ་ཡོད་པ་རེད།
དབྱིན་ཇིའི་རྒྱལ་ཁབ་དུ་སྨར་ཚང་བསྟན་པའི་བདག་པོ་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་ལ་གཟེངས་རྟགས་ཕུལ་བའི་མཛད་སྒོ།
ཕྱི་ལོ་༢༠༢༣་ཟླ་བ་༡༡་ཚེས་༢༡་ལ་སྨར་ཚང་བཀའ་བརྒྱུད་ལ་གཟེངས་རྟགས་ཕུལ་བའི་སྐབས་ཀྱི་སྐུ་མགྲོན་རྣམསམ་ཀྱི་པར།
འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེའི་བཀའ་སློབ།
འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་༢༠༠༨་དབྱིན་ཇིའི་རྒྱལ་ས་ལོན་གྲོན་ལ་བཀའ་སློབ་གནང་བཞིན་པ།

འབྲེལ་གཏུགས།

སྐུ་ཉིད་སྨཪ་ཚང་བཀའ་བརྒྱུད་ལས་ཁུངས་ལ་འབྲེལ་གཏུགས་གནང་བར་ཐུགས་རྗེ་ཆེ། ང་ཚོའི་ཁྱོད་རང་གི་རེད་འདོད་དང་དམིགས་ཡུལ་གང་ཡིན་པ་དེ་དུས་ཐོག་ཕུལ་ཐུབ་པ་ཞུ་རྒྱུ་ཡིན། གནོན།

སྨར་ཚང་བཀའ་བརྒྱུད་ཀྱིས་དབྱིན་ཇི་དང་ཐེ་ཝན་ལ་ལོ་རྟག་ཆོས་ཕྱོགས་ཀྱི་བྱེད་སྒོ་གཏན་ཁེལ་བའི་རིགས་རྣམས་བཤམ་དུ་ངོ་སྤྲོད་མདོར་བསྡུས་ཞུ་ཡོད་པས་གཟིགས་རོགས། གལ་ཏེ་དོག་འདྲི་དགོས་ངེས་མཐོང་ཚེ་ཁ་བྱང་ཐོག་འབྲེལ་གཏུགས་གནང་རོགས། །

Read more ...
  • ཐེ་པེ་ཆོས་ཚོགས།
    ཐེ་པེ་ཆོས་ཚོགས།

     

     

    ༧འགྲོ་མགོན་གངས་རི་ཀརྨ་མཆོག་གིས་ཕྱི་ལོ་༢༠༠༡་ལ་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ལ་གསར་དུ་བསྐྲུན་པའི་སྙིང་རྗེ་ཀུན་ཁྱབ་གླིང་ཞེས་པའི་ཆོས་ཚོགས། 

  • གངས་རི་ཀརྨ།
    གངས་རི་ཀརྨ།

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེ།

  • གངས་རི་ཀརྨ།
    གངས་རི་ཀརྨ།

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེས་བཞེངས་པའི་བཤད་གྲྭའི་ཐོག་ཏུ་གཟིམ་ཤག་ནང་རྩོམ་བྲིས་བཞིན་པ། 

  • ཐེ་ཝན་ལ།
    ཐེ་ཝན་ལ།

     

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེ་མཆོག་མཛད་སྒོར་ཐོག་ཕེབས་བཞིན་པ། 

  • སྨར་ཁམས་གྱི་སློབ་གྲ༎
    སྨར་ཁམས་གྱི་སློབ་གྲ༎

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེས་ཕྱི་ལོ་༡༩༩༣་ལོར་ལེགས་གྲུབ་བྱུང་བའི་ཀུན་ཕན་གསོ་སྐྱོང་སློབ་གྲྭ་ཡིན། 

  • ཐེ་ཀྲོང་ཆོས་ཚོགས།
    ཐེ་ཀྲོང་ཆོས་ཚོགས།

     

    འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་ཐེ་ཀྲོང་ལ་བཞེངས་པའི་ཆོས་ཚོགས་མཛད་སྒོ་གནང་བཞིན་པ། 

  • ཐེ་ཀྲོང་ཆོས་ཚོགས་གསར་པ།
    ཐེ་ཀྲོང་ཆོས་ཚོགས་གསར་པ།

     

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེས་ཐེ་ཀྲོང་ལ་གསར་དུ་བཞེངས་པའི་ཆོས་ཚོགས་ལ་བཀའ་སློབ་གནང་བཞིན་པ། 

  • ཐེ་ཀྲོང་ཆོས་ཚོགས།
    ཐེ་ཀྲོང་ཆོས་ཚོགས།

     

    འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེས་ཐེ་ཀྲོང་ཆོས་ཚོགས་ལ་ཞེ་པ་བཞི་བྲལ་གསུངས་བཞིན་པ།

  • ཞི་བདེ་དེད་དཔོན།
    ཞི་བདེ་དེད་དཔོན།

     

     

    ཕྱི་ལོ་༡༩༩༧་ལོ་འགྲོ་མགོན་༧གངས་རི་ཀརྨ་རིན་པོ་ཆེ་མཆོག་སླར་བྲོས་འབྱོར་སླེབས་དུ་༧རྒྱལ་དབང་བཅུ་བཞི་པ་དང་མཇལ་འཕྲད་གནང་བ།

 

ཆོས་ལུགས་ཀྱི་ཐོབ་ཐང་འདྲ་མཉམ་ལོངས་སྤྱོད་པའི་དབྱིན་ཇིའི་རྒྱལ་ཁབ་འདི་ལ། ཡེ་ཤུ་དང་། ཧེ་ཏུང་། ཁ་ཆེ། ནང་པ་སོགས་གཞུང་འབྲེལ་དེབ་སྐྱེལ་བྱས་པའི་ཆོས་ཚོགས་༤༩༨༨༡ ཡོད་ཅིང་། རྒྱལ་ས་ལོན་གྲོན་ལ་ཆོས་ཚོགས་༢༢༠༠ ཡོད་པ་རེད། དབྱིན་ཇིའི་རྒྱལ་་པོ་ King Charles ཕྱྭ་ལི་སི་ཡིས་བཙུགས་པའི་the Faith &Belief Forum ཞེས་པའི་ལུགས་ཀྱི་གཟེངས་རྟགས་ཚོགས་པ་འདིས། ཕྱི་ལོ་༢༠༢༣ ལོ་ཟླ་བ་༡༡ ཚེས་༢༡ ལ་གཟེངས་རྟགས་ཐེངས་བདུན་པ་འདི་ཆོས་ཚོགས་༣༢ འདེམ་སྒྲུག་བྱས་པ་ནང་ལ། སྨར་ཚང་བཀའ་བརྒྱུད་རྟག་བརྟན་ཕུན་ཚོགས་གླིང་ཡང་འདེམ་སྒྲུག་བྱས་ཡོད་གསུངས་སོང། གཟེངས་རྟགས་འདི་ཆོས་ལུགས་སོ་སོའི་ལྟ་གྲུབ་དང་། རིགས་གཞུང་། གོམས་སྲོལ་སོགས་ཐབས་སྣ་ཚོགས་ལ་བརྟེན་ནས་ཡུལ་འདི་མི་རྣམས་ལ་ཕན་པའི་ལས་དོན་གྱི་གྲུབ་འབྲས་གཟེངས་སུ་ཐོན་པའི་དཔང་རྟགས་ཕུལ་བ་ཡིན་ཞེས་འགྲེལ་བརྗོད་གནང་། སྨར་ཚང་བཀའ་བརྒྱུད་ལ་གཟེངས་རྟགས་ཕུལ་བ་འདི་མདོར་བསྡུས་ན་གཉིས་སུ་ངེས་ཡོད། དང་པོ་ནི། ཡུལ་འདིར་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྲོལ་བརྒྱུད་རྙིང་མའི་ཐབས་ལམ་ལ་བརྟེན་ནས་ལོ་བཅུ་ཕྲག་གཅིག་ལྷག་གི་རིང་ལ། སྡེ་ཚན་རེ་ལ་ལོ་གསུམ་དང་ཕྱེད་ཀའི་སློབ་ཚན་མཐར་ཕྱིན་པ་ཁྲིད་ནས་གྲུབ་དོན་ལག་འཁྱེར་སྤྲོད་ཅིང། ཉམས་ལེན་གྱི་རིམ་པ་ཡང་སྲོལ་བརྒྱུད་ལྟར་ཁྲིད་པ་འདི་གཞན་ལས་ཁྱད་པར་འཕགས་པ་ངོས་འཛིན་ཞུས་ནས་གཟེངས་རྟགས་ཕུལ་བ་ཡིན་ཞེས་གསུངས། གཉིས་པ་ནི། གཏོག་དབྱིབས་ནད་དུག་གི་སྐབས་སུ་སློབ་རྒན་ཚོས་ཆོས་ལུགས་རིས་མེད་ཀྱི་མི་རྣམས་སེམས་ཁམས་ཞི་བ་ལ་གནས་པའི་ཕྱིར་ཏུ། དྲན་པ་དབྱུག་ལ་གཏད་པ། དྲན་པ་ལུས་ལ་གཏད་པ། དྲན་པ་ཚོར་བ་ལ་གཏད་པའི་ཐབས་ལམ་ལ་བརྟེན་ནས་ལོ་གཉིས་ཀྱི་རིང་སྒོམ་ཁྲིད་རྒྱུན་སྐྱོང་བས་མི་མང་པོ་ཞིག་གི་སེམས་ཁམས་ལྷོད་དུ་འབབ་པ། སྐྱོ་སྣང་བསང་བ། འཇིགས་སྣང་ཞི་བ་སོགས་གྲུབ་འབྲས་ཆེན་པོ་ཐོན་པ་ངོས་འཛིན་ཞུས་ནས་གཟེངས་རྟགས་ཕུལ་བ་ཡིན་ཞེས་འགྲེལ་བརྗོད་གནང་སོང། དེ་རིང་གཟེངས་རྟགས་ཐོབ་པའི་ཆོས་ཚོགས་༣༢ ནང་ནས་སྐྱར་དུ་ཆོས་ཚོགས་༨ འདེམ་སྒྲུག་བྱས་ནས་ཚེས་༢༢ ལ་དམིགས་གསར་གྱི་བཅར་འདྲི་ཞུ་རྒྱུ་ཡིན་ཞེས་བརྡ་འཕྲིན་འབྱོར་སོང་བས། ང་ཚོའི་སློབ་མ་ཞིག་གིས་བཅར་དྲི་ལེན་འདེབས་བྱས་པ་རྣམས་ཚོགས་པ་དེའི་དྲ་ལམ་དུ་རིམ་བཞིན་འགོད་རྒྱུ་ཡིན་གསུངས། འདི་ནི་སྨར་ཚང་བསྟན་པའི་བདག་པོ་༧ འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེས་ཕྱི་ལོ་༢༠༠༨ ལོ་ལོན་གྲོན་ལ་སྨར་ཚང་བཀའ་བརྒྱུད་རྟག་བརྟན་ཕུན་ཚོགས་གླིང་ཕྱག་བཏབ་པ་ནས་བཟུང་ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རིང་ཉིན་མཚན་དབྱེར་མེད་འབད་བརྩོན་བྱས་པ་དང་། སྲི་ཞུ་ལས་བྱེད་ཚོས་ཀྱང་ལྷག་བསམ་བཟང་པོ་ཀུན་ནས་སླངས་ནས་འགྲོ་སོང་ཆེ་ཆུང་ཐམས་ཅད་སོ་སོའི་བཏང་ནས་འབད་བརྩོན་བྱས་པའིི་གྲུབ་འབྲས་གཟེངས་སུ་ཐོན་པའི་དཔང་རྟགས་གནང་བ་ལ་བརྟེན་ནས། སྲི་ཞུ་བ་རྣམས་སླར་ཡང་སེམས་ཤུགས་དང་སྙིང་སྟོབས་བསྐྱེད་པ་ལ་ཕན་ཐོག་ཆེན་པོ་བྱུང་སོང་བས། སྨར་ཚང་རྟག་བརྟན་ཕུན་ཚོགས་གླིང་གི་ལས་ཁུངས་ནས་དྲང་བདེན་གྱི་ལས་ལ་བརྩོན་པའི་the Faith &Belief Forum ཚོགས་པ་འདིའི་དབུ་ཁྲིད་དང་། ཉམས་ཞིབ་པ། ལས་བྱེད་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེན་ཞུས་ཀྱིན་ཡོད།

 

 

                         

སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་ཤོ་ཙོམ་གཉིས་ཀྱི་དགོན་པ་དང་དགེ་འདུན་རྣམས་ཐོར་བཤིག་སོང་ནས་མི་ལོ་བརྒྱ་ཕྲག་འགའ་ཤས་སོང་བའི་རིང་། སྨར་ཚང་གི་བསྟན་པའི་ཡན་ལག་བྲག་གཡབ་ཕྱོགས་སུ་ཡོད་དོ་ཅོག་༧་གོང་ས་ལྔ་པ་ཆེན་པོ་ནས་བཟུང་གཅིག་ཀྱང་ལྷག་ལུས་མེད་པར་དགེ་ལུགས་སུ་གྱུར་ཟིན་པའི་ལོ་ཟླའི་དེ་ནས་བཟུང་། ཡུལ་དེར་སྨར་ཚང་གི་བཤད་སྒྲུབ་ཀྱི་བསྟན་པ་མཆི་མའི་ཐལ་བ་བཞིན་དོར་བས་རྗེས་ཤུལ་མེད་པར་གྱུར་ནས་མི་ལོ་བཞི་བརྒྱ་ཡན་མན་སོང་ཟིན་ལ།

ད་ལྟ་འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་མི་ལོ་བཅུ་ཕྲག་རིང་སྐུ་ངལ་འཛིང་མེད་ཀྱིས་བསྟན་པའི་མེ་རོ་གསོས་ནས།  འཛམ་གླིང་ཤར་ནུབ་ཀུན་ལ་འཛིན་སྐྱོང་སྤེལ་གསུམ་གྱི་འོད་སྣང་འཕྲོས་པའི་ལྟེ་གནས་དེར།  གདན་ས་ཤོ་ཙོམ་གཉིས་ཀྱི་མཚན་བྱང་ཡང་ཉ་ཆུ་དང་འགྲོགས་པ་ལྟར་རང་ཤུགས་སུ་འགྲོ་བར་ཆོས་ཉིད་ཡིན། འདི་ནས་ལོ་རབས་དྲུག་ཅུའི་གོང་རྙིང་བ་འཇམ་སྤྲུལ་དང་རག་སྤྲུལ་གཉིས་ཀྱིས་སོ་སོའི་འདོད་མོས་ལྟར་ཤོ་དགོན་གྱི་ཤུལ་མི་འདྲ་བ་གཉིས་སུ་ངོས་འཛིན་ནས།  ལྷ་ཁང་རེ་བཞེངས་ཙམ་ལས་སྨར་ལུགས་བསྟན་པ་ཟུར་ཙམ་ཡང་སྤེལ་མྱོང་མེད། 

ད་ལྟ་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པའི་ཉི་འོད་སླར་ཡང་འཕྲོས་པའི་དུས་འདི།  སྔར་ཡུལ་ལུང་དེ་དག་ཏུ་སྨར་ཚང་བཀའ་བརྒྱུད་ཀྱི་བསྟན་པ་གཞི་མེད་རྩ་བྲལ་བཟོས་མྱོང་བའི་བླ་སྤྲུལ་རྣམས་ཀྱིས་རྒྱབ་ནས་འཐབ་ཇུས་སྟོན།  མདུན་དུ་གྲྭ་པ་དང་གྲྭ་ཟུར་རྣམས་འཆོང་ནས་སླར་ཡང་བསྟན་བཤིག་གི་ཆ་ཤས་སུ།   སྨར་ཚང་གི་ལོ་རྒྱུས་དང་མཆོད་རྫས་རྫུན་ཟོ་བྱས་པ་སོགས་ལས་རིགས་སྣ་ཚོགས་སྤེལ་བ་རྣམས་རྐྱེན་ངན་གྲོགས་སུ་གྱུར་སོང་བས་ཐུགས་རྗེ་ཆེ་ཞུས།

 བོད་མདོ་དབུས་ཁམས་གསུམ་གང་དུ་སྨར་ཚང་ལུགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་འཛིན་སྐྱོང་སྤེལ་གསུམ་བྱར་འདོད་ཡོད་ན།  སྨར་ཚང་ལས་ཁུངས་ནས་མི་རྒྱུ་གཉིས་ཀྱིས་རྒྱབ་སྐྱོར་དང་རོགས་འདེབས་བྱ་ངེས་ཡིན་པས་འབྲེལ་གཏུག་ངེས་པར་གནང་རོགས། ཉེར་ཆ་མཆོད་རྫས་དང་ས་རྡོ་མང་པོ་པར་རྒྱག་ནས་སྨར་ཚང་ཤོ་ཙོམ་གཉིས་ཡིན་ཟེར་བ་སོགས་འུར་དཀྲོགས་བྱེད་པ་འདིར་བརྡ་ལན་སྤྲོད་འདོད་མེད་ཀྱང་།  བྲག་གཡབ་བ་འཇམ་ནོར་དང་ཐུབ་བཀྲ་གཉིས་ཀྱིས་སྨར་ཚང་གི་ངོ་དེབ་ཐོག་ཏུ་ཚུར་སྒོ་རྡུང་བའི་རྐྱེན་ལ་རྟེན་ནས།  ལུང་རིག་གཉིས་ཀྱིས་གཞི་མེད་ཅལ་འདྲོགས་རྣམས་རེ་རེ་བཞིན་ཚར་བཅད་ཟིན་ཡང་། ཤར་སྨར་ཡུལ་གྱི་ལོ་རྒྱུས་ལ་དུང་སེམས་ཅན་འགས་མཆོད་རྫས་ཀྱི་པར་རྣམས་བརྡ་ལན་དགོས་ཚུལ་ནན་བསྐུལ་བྱུང་བས།  རྒྱས་པ་ཤོ་ཙོམ་དཔྱད་པའི་ཚངས་ཐིག་དང་།  སྨར་བྲག་འཁྲུལ་སྤོང་བདེན་གཏམ་ལ་གཟིགས་རོགས།  འདི་སྐབས་བབས་ཀྱི་དོན་གནད་ཆེ་བ་ཞྭ་མོ་ལ་དཔྱད་པ།   སྐུ་འདྲ་ལ་དཔྱད་པ།  ཌ་མ་རུ་ལ་དཔྱད་པ།  ལི་ཝ་ཆོས་ལྡིང་དགོན་ལ་དཔྱད་པ།  གནས་བདག་འབེ་ཉ་ལ་དཔྱད་པ།  ཞོར་དུ་རྡོ་ཕུག་དང་རྡོ་ཁྲི་ལ་དཔྱད་པ།  ལོ་རྒྱུས་ཡིག་བརྐུས་ལ་དཔྱད་པ། གུང་ཁྲན་གྱི་སྔོན་ཐོན་ལ་དཔྱད་པ་བཅས་ཡོད་པས་ཐེངས་རེ་ངེས་པར་གཟིགས་རོགས།   

 

 

 

 

          དང་པོ་ཆོས་རྗེ་སྨར་པའི་ཞྭ་མོ་ལ་དཔྱད་པ།

   IMG_5039.JPG་་་་་་IMG_5036.JPG

IMG_5037.JPG་་་IMG_5044.JPGIMG_5038.JPG་་IMG_5043.JPGIMG_5040.JPGIMG_5042.JPGIMG_5041.JPG

                     འདི་སྨར་པའི་དབུ་ཞྭ་མིན་པར་དཔྱད་དོན་ངེས་པར་རྙེད་ཚུལ།

གོང་དུ་བླ་སྐུ་གཉིས་པོ་དེ་སྒམ་པོ་པ་དང་ཕག་གྲུ་པ་གཉིས་ཡིན། དེའི་འོག་ཏུ་རྗེ་སྨར་པ་ནས་བཟུང་ཕག་གྲུ་ལས་གྱེས་པའི་བཀའ་བརྒྱུད་པའི་སྲོལ་འབྱེད་བརྒྱད་ཀྱི་དབུ་ཞྭ་ལ་གཟིགས་པར་མཛོད།  བླ་ཆེན་བརྒྱད་ཀྱི་དབུ་ཞྭ་ཡིན་ན་དམར་པོ་ཡིན་དགོས་ཏེ། འབྲུག་ཆེན་ཀུན་དགའ་དཔལ་འབྱོར་གྱི་བཀའ་བརྒྱུད་པའི་ཞྭ་བཤད་ལས། “ཞྭ་རྩེ་མོ་རྣོ་ཞིག་བྱིན་ཆགས་པ། །ཆོས་འབྲས་བུའི་རྒྱལ་ས་ཟིན་པའི་བརྡ། །ཞྭ་ཁ་དོག་དམར་པོ་འདུག་པ་འདི། །ཁམས་གསུམ་དབང་དུ་འདུས་པའི་བརྡ། །”ཞེས་གསུངས་པའི་ཞྭ་དང་ཡོངས་སུ་འགལ་བ་མངོན་སུམ་མཐོང་བས། ཞྭའི་ཁ་དོག་དང་ཟོ་དབྱིབས་ནི་རྗེ་སྨར་པའི་དབུ་ཞྭ་མིན་པར་མངོན་ཡོད། ལྷག་པར་དུ་རྗེ་སྨར་པ་ཕ་ཡུལ་དུ་བྱོན་ཁར་རྗེ་ཕག་གྲུ་པས་ཚོགས་ཁང་ནང་དུ་ཁྲི་ལ་བཞུགས་བཅུགས་ནས།  ཁོང་གི་དབུ་ཞྭ་སྨར་པ་ལ་སྒྲོན་བཞིན་དུ་བུ་ཕ་དང་ཨེ་འདྲ་ལྟ་གསུངས་པ་སོགས་རྟེན་འབྲེལ་ཆེན་པོ་བརྩིས་པས།  ཕག་མོ་གྲུ་པའི་དབུ་ཞྭ་དེ་བྱིན་ཆེན་འཛིན་ནས་ཆོས་འཆད་པའི་དུས་སུ་བཞེས་པར་མཛད།      

                Screenshot%202019-02-15%20at%209.09.51%20pm.png   IMG_5036.JPGIMG_4746.JPG

 

 

ཞྭ་མོ་འདི་དྭགས་ཞྭ་ཡིན་ཚུལ་སྟོན་འདུག་ཀྱང་དྭགས་ཞྭའི་བཟོ་དབྱིབས་དང་རྣ་ཅོག་གཡས་གཡོན་ཐུར་དུ་རྐྱང་བ་གཉིས་ཞྭའི་སྐེད་པ་ནས་བཏགས་པ་འདི་ནོར་བ་རེད།  འདི་ཟོ་དུས་བཀའ་བརྒྱུད་པའི་བླ་མ་ཞིག་ལ་དྲིས་ཡོད་ན།  བཀའ་བརྒྱུད་ཀྱི་ཞྭ་ལ་འདྲ་ཚུལ་ཆེན་ཙམ་བཟོས་ཐུབ་ཡོད་སྲིད། བཀའ་བརྒྱུད་ཞྭ་བཤད་ལས། “ཞྭ་རྩེ་མོ་སྦུབས་སུ་འཁྱིལ་བ་འདི། །ཆོས་ཟབ་ས་གཉིས་སུ་མེད་པའི་བརྡ། །ཞྭ་ཐོད་ཀྱི་གདོང་ཀ་མཐོ་བ་འདི། །ཆོས་ལྟ་བའི་གནམ་འཕང་སྤྱོད་པའི་བརྡ། །”སོགས་གསུངས་པ་ལྟར།  ཞྭ་རྫུན་འདི་རྩེ་མོ་དང་གདོང་ཀ་མཐོ་བ་གཉིས་ཀ་ཚང་མེད་པས་སྨར་པའི་ཞྭ་མོ་ཡིན་མདོག་བྱས་ཀྱང་དངོས་པོ་རང་གིས་རྫུན་རྐུབ་བརྡོལ།  

 གལ་ཏེ།  རྗེ་སྨར་པའི་དབུ་ཞྭ་དངོས་གནས་ཤིག་ལྷག་ཡོད་ན་ཡང་།  ད་ལྟ་སྨར་ཚང་གི་མཆོད་རྫས་ཡོད་ཟེར་བའི་བྲག་གཡབ་ཀྱི་ཁོར་ཡུག་ནང་དུ། ས་བཀའ་རྙིང་གསུམ་གྱི་བླ་མའི་མཆོད་རྫས་རྣམས་སྐྱ་སེར་སུ་ཞིག་གི་ཁྱིམ་ནང་དུ་ཡོད་ན།  སྲུང་མ་དོལ་རྒྱལ་འཁྲུག་རྐྱེན་གྱི་རྒྱུ་རྫས་གདུག་པ་ཅན་དུ་བརྩིས་ནས་མི་ལ་བསྲེགས་པ་དང་ཆུ་ལ་དོར་བ་སོགས་མིང་མེད་རྩ་གཏོར་བཏང་ཟིན་པའི་ཡུལ་ཞིག་ན། བཀའ་བརྒྱུད་ཀྱི་བླ་མའི་དབུ་ཞྭ་དང་།  ཌ་མ་རུ། རྔ་སོགས་མཆོད་རྫས་རྙིང་རོ་རྣམས་ལྷག་མི་སྲིད་པ་རེད། གུང་ཁྲན་གྱིས་རིག་གནས་གསར་བརྗེད་སྐབས་ཕྱི་ནས་དྲག་གནོན་བྱས་ཀྱང་ནང་དུ་དམངས་ཀྱི་སེམས་ལ་ཆོས་དད་ཡོད་པས་མཆོད་རྫས་སྦས་པ་སོགས་བྱུང་ཡོད་ལ།  འོན་ཏེ། དོལ་རྒྱལ་དར་བའི་ཡུལ་གྲུ་ཀུན་ལ་དམངས་ཀྱི་སེམས་ནང་དུ།  ས་རྙིང་བཀའ་གསུམ་གྱི་བླ་མའི་མཆོད་རྫས་རྣམས་དོལ་རྒྱལ་འཁྲུག་རྐྱེན་ཁོ་ན་བརྩིས་ནས་དོར་ཅི་ཐུབ་བྱས་པའི་ཡུལ་ཞིག་ན།  སྨར་ཚང་གི་བླ་མའི་ཌ་རུ་དང་རྔ་རྣམས་ལྷག་སྲིད་པའི་ཁོར་ཡུག་གཏན་ནས་མེད་པའི་གནད་ཀྱིས་ཡིན།  དང་པོ། ཞྭ་འདི་རྗེ་སྨར་པའི་ཞྭ་ཡིན་པར་སུས་ཤེས་པར་ཡིན་ནམ།  གཉིས་པ།  སྨར་པའི་དབུ་ཞྭ་ཡིན་པའི་ལོ་རྒྱུས་ཡིག་ཆ་ཁུངས་ཡོད་དམ།  གསུམ་པ།  རྗེ་སྨར་པ་ཕ་ཡུལ་དུ་བྱོན་པའི་དུས་རབས་དང་མཐུན་དགོས་པས་ཞྭ་འདི་སྨར་ཚང་ལས་ཁུངས་ཀྱི་མི་སྣ་ལྷན་དུ་གློག་འཕྲུལ་ནང་ལ་བརྟག་དཔྱད་བྱེད་ཕོད་དམ།  དྲི་བ་འདི་འཇམ་ནོར་ལ་ཐེངས་བཅུ་ཕྲག་གཅིག་དྲིས་བཅུགས་ཀྱང་དྲིས་ལན་ཚིག་གཅིག་མེད་པར་ཚིག་ངན་སྣ་ཚོགས་ལབ་ནས་སྡུག་སྒོམ་རྒྱག་ཅི་ཐུབ་བྱས།

 

                IMG_5046.PNG་་་་་་་་་་IMG_5048.JPG་་་་་་་་་་IMG_4745.JPG

༡་སྨར་པ་ལ་དྭགས་ཞྭ་སྒྲོན་པ།    ༢་སྨར་པ་ལ་ཉི་ཟླའི་རྒྱན་པའི་ཞྭ་སྒྲོན་པ། ༣་སྨར་པ་ལ་ཚོགས་ཞིང་དུ་པཎ་ཞྭ་སྒྲོན་པ།    

    

  རྗེ་སྨར་པ་རིན་པོ་ཆེ་ལ་སློབ་མ་རྣམས་ཀྱིས་དྭགས་ཞྭ་སྒྲོན་པའི་སྐུ་འདྲ་བཞེངས་པ་མཐོང་རྒྱུ་མེད་ཀྱང་།  རྫ་གསེར་ཞུ་དགོན་པའི་བཀའ་བརྒྱུད་ཀྱི་བླ་མ་རྣམས་བཞེངས་པའི་སྐབས་སུ།  རྗེ་སྨར་པ་ལ་དྭགས་ཞྭ་སྒྲོན་པའི་ངོ་དབྱིབས་འདི་ཅུད་ཟད་མི་འདྲ་བ་འདུག་ཀྱང་།  སྐུ་བཞེངས་མཁན་གྱིས་ཁྱད་པར་ཤོར་བ་རྗེ་ཙོང་ཁ་པའི་སྐུ་བརྙན་སོགས་ལ་བལྟ་ན་ངེས་པར་རྙེད་སླ་བས་བཤད་པར་མི་བྱ། སྨར་ཚང་གི་དཔེ་རྙིང་ཟུར་དུ་རྗེ་སྨར་པ་ལ་དབུ་ཞྭ་གཤོག་སྒྲོ་གནམ་ལ་བརྐྱངས་པ་ལྟ་བུ་དང་། མདུན་ནས་མཐོ་བ།   གདོང་ལ་ཉི་ཟླ་ཟུང་གཅིག་བྲིས་པ་འདི་ཤོ་ཙོམ་ཉི་ཟླ་ཟུང་གཅིག་གི་མཚོན་བྱེད་ཡིན་དམ་སྙམ་པ་ལས་ཁུངས་སྐྱེལ་མ་རྙེད།  སྨར་ཚང་ལམ་རིམ་གྱི་ཚོགས་ཞིང་གི་དབུས་སུ་རྗེ་སྨར་པའི་སྐུ་ལ་པཎ་ཞྭ་སྒྲོན་པ་ནི་མདོ་སྔགས་གཉིས་ལ་མཁས་གྲུབ་གཉིས་ལྡན་ཡིན་པ་སོགས་ཁྱད་ཆོས་མང་པོ་ཞིག་ལ་ལྟོས་ཡོད། འདི་ལས་ལྷག་པ་ཞིག་སྐུ་འདྲ་དང་ལོ་རྒྱུས་མཐོང་རྒྱུ་མེད་ལ།  སྨར་ཚང་བཀའ་བརྒྱུད་ཀྱིས་རྗེ་སྨར་པའི་ཞལ་རས་དང།  དབུ་ཞྭ།  ཕྱག་མཚན་སོགས་རེ་རེ་བཞིན་ནན་ཏན་བྱས་ནས་བཀོད་བསྒྲིགས་བྱས་ཡོད།  

་་་་་་་་་་་་་་་IMG_5027.JPG་་་་་་་་IMG_5023.JPG་་་་་  

                       གཉིས་པ་སྐུ་འདྲ་དང་ཞྭ་མོ་ལ་དཔྱད་པ།  

དང་པོ་སྐུ་འདྲ་འདི་ཞྭ་མདོག་སེར་པོ་ཡིན་པ་དང་ཞྭ་དབྱིབས་རི་བོ་དགེ་ལུགས་པའི་པཎ་ཆེན་བློ་བཟང་ཆོས་རྒྱན་སོགས་ལམ་རིམ་ཉམས་ལེན་པ་འགའ་ཤས་ཀྱིས་ཞྭ་སེར་འདི་འདྲ་གྱོན་སྲོལ་ཡོད།  ཞྭ་འདི་ལ་བྱང་ཆུབ་སེམས་ཞྭ་ཟེར་བ་སོགས་མིང་འདོགས་མི་འདྲ་བ་དང་ཞྭའི་དབྱིབས་ཅུང་ཟད་མི་འདྲ་བ་ཡོད་ཀྱང་ཞྭ་ཁོག་དང་། ཞྭ་སེར་པོ་ཡིན་པ་སོགས་གཅིག་མཚུངས་ཡིན་པས།  རྗེ་སྨར་པ་ཡིན་ཟེར་བའི་སྐུ་འདྲའི་དབུ་ཞྭ་འདིའི་ཁྱད་ཆོས་གཅིག་པུས་རི་བོ་དགེ་ལྡན་པའི་དབུ་ཞྭ་ཞིག་ཡིན་ཞེས་དངོས་པོ་རང་གིས་ཁ་ཚུར་གྲགས་འདུག་པས་འགྲེལ་བཤད་འདི་ལས་དགོས་དོན་ཅི་ཡང་མེད་པར་མཐོང་།

གཉིས་པ་སྐུ་འདྲ་ལ་དཔྱད་པ།  སྐུ་འདྲ་འདིའི་རྣ་ཅོག་བོང་བུའི་རྣ་ཅོག་འདྲ་བ་དང་།  སྣའི་མགོ་དོག་དོག་ཕག་པའི་སྣ་འདྲ་བ།  ཁ་དང་མཆུ་སྒྲོས་སྤྲེའུ་འདྲ་བ།  མགྲིན་པ་ཡི་དྭགས་འདྲ་བ་སོགས་ལུས་དབྱིབས་ཀྱི་ཆ་ནས་རྗེ་སྨར་པའི་སྐུ་བརྙན་ལ་ཟུར་ཙམ་ཡང་འདྲ་བའི་མཚོན་བྱེད་མི་འདུག་པས། སྨར་ཚང་ཉམས་ཞིབ་ཁང་གིས་རྗེ་སྨར་པའི་འདྲ་སྐུའི་གྲས་ལས་ཕྱིར་ཕུད་ཟིན་པ་ཡིན། འཇམ་སྤྲུལ་དང་རག་སྤྲུལ་གཉིས་ཀྱིས་ལྷ་ཁང་བཞེངས་དུས་གྱང་རོ་ལས་གཅིག་ཀྱང་ལྷག་མེད་ཚུལ་བཤད་ཟིན་ཀྱང་གློ་བུར་དུ་སྐུ་འདྲ་འདི་ཐོན་ཡོང་བར་ཡ་མཚན་ཆེན་བ་མ་ཡིན་སྙམ། དང་པོ།  འདི་རྗེ་སྨར་པའི་སྐུ་འདྲ་ཡིན་པར་སུའི་ཤེས་པ་ཡིན་ནམ།  གཉིས་པ། འདི་རྗེ་སྨར་པའི་འདྲ་སྐུ་ཡིན་པའི་དཔང་ཡིག་ཡོད་དམ། ཞེས་དྲི་བ་འདི་འཇམ་ནོར་ལ་ཐེངས་བཅུ་ཕྲག་གཅིག་དྲིས་བཅུགས་ཀྱང་རི་བོང་སྡོད་ཚུལ་ལྟར་སྔུག་སྒོམ་བརྒྱག་ཅི་ཐུབ་བྱས་པ་ལས་བརྡ་ལན་ཚིག་གཅིག་སྤྲོད་མི་ཐུབ་པར་གྱུར་ཡོད།

                                            གསུམ་པ་ཌ་རུ་ལ་དཔྱད་པ།

                                     IMG_5034.JPG

 

                                       ཨ་འགོ་བླ་མའི་ཌ་མ་རུ་དང་རྔ་ལ་དཔྱད་པ།   

མདའ་མདོ་དགོན་པས་རྗེ་སྨར་པའི་ཌ་མ་རུ་ཡིན་ཟེར་བ་འདི་དགོན་པའི་ཉེ་འཁོར་ཡུལ་མི་ལ་དྲིས་དུས་ཨ་འགོ་བླ་མའི་ཌ་རུ་རེད་ཟེར་བ། བདག་པོ་མེད་པའི་ཌ་རུ་བཅོས་མ་རེད་ཟེར་བ་སོགས་བཤད་ཚུལ་མི་མཐུན་པ་ཇི་མང་ནས་ཇི་མང་རེད་འདུག་ལ།  རྔ་ནི་དེ་བས་ཀྱང་ཁུངས་མེད་ཡིན་པས་དཔྱད་འོས་པ་མ་མཐོང་།  གལ་ཏེ་གནས་ཚུལ་འདི་དག་གྲྭ་པ་ཞིག་གིས་ཤེས་བཞིན་དུ་ཆེད་མངགས་རྫུན་སྐྲུན་བྱས་པ་ཡིན་ན་རྫབ་ཆེན་པོ་རེད་ལ། སྨར་ཚང་བཀའ་བརྒྱུད་ལོ་རྒྱུས་ཉམས་ཞིབ་ཁང་གིས་མི་ལོ་བཅུ་ཕྲག་གི་རིང་ལ་རྒྱུ་གྲོན་ཕོན་ཆེར་སྦྱར་ནས་ཉུལ་གཞིགས་བྱས་པའི་ཉེན་ལེན་ལ།  ཆོས་རྗེ་སྨར་པ་དང་འགྲོ་མགོན་རིན་ཆེན་སོགས་སྨར་ཚང་གི་སྐྱེ་མཆོག་རྣམས་ཀྱི་མཆོད་རྫས་རིན་ཐང་ཅན་མི་ཉུང་བ་ཞིག་སྨར་ཚང་ལས་ཁུངས་ཀྱི་ཕྱག་ཏུ་སོན་པའི་ཁྲོད་ན། རྗེ་སྨར་པའི་ཌ་རུ་མི་ཐོད་རི་མོ་གཅིག་པ་ཡིན་པ་ལ། དངུལ་བཀྲིས་ལ་གསེར་དམར་སྦྱར་ཞིང་གསེར་སེར་གྱིས་ཚག་རྒྱག་ཅིང་།  གཟི་མིག་དགུ་པའི་ལུང་རྒྱན་བྱས་པ་ཞིག་རྙེད་པ་འདི།  གནའ་རྫས་ཐོ་ཡིག་ནང་དུ་བཀོད་པ་ཇི་བཞིན་ཡིན་པས་ངེས་རྙེད་ཐུབ་པ་བྱུང་ཡོད།  རིམ་བཞིན་སྨར་ཚང་བཀའ་བརྒྱུད་ཀྱིས་འགྲན་སྟོན་བཤམ་རྒྱུའི་གྲལ་སྒྲིག་བྱེད་བཞིན་ཡོད།  

 

                བཞི་པ་ལི་ཝ་ཆོས་ལྡིང་དགོན་སྨར་ཚང་གི་དགོན་ལག་ཡིན་མིན་ལ་དཔྱད་པ།

                       IMG_4703.JPG

མདའ་མདོ་དགོན་པའི་རྒན་ཕུན་ཚོགས་ལགས་ཀྱིས་དགོན་པའི་ལོ་རྒྱུས་ལས། “བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་མདའ་མདོ་གྲོང་ཚོར་གནས་ཡོད་ཅིང་།”ཞེས་སོགས་ནས། “ཆོས་རྗེ་སྨར་པ་གྲུབ་ཐོབ་ཤེས་རབ་ཡེ་ཤེས་ཀྱིས་དགུང་ལོ་སོ་གཉིས་པར་སྤྱི་ལོ་༡༡༦༧་ལོར་རང་ཡུལ་སྨར་ཁམས་སྒང་དུ་ཤོ་མདའ་གྲོང་གི་དགོན་པ་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་ཆེན་མོ་དཔལ་གྱི་ཤོ་དགོན་ཟེར་བ་ཞིག་ཕྱག་བཏབ་ཅིང་།  དེའི་དགོན་ལག་གི་གྲས་སུ་མདའ་མདོ་དགོན་ཕྱག་བཏབ་སྟེ་མིང་ལ་ལི་ཝ་ཆོས་ལྡིང་དགོན་ཟེར།” ཞེས་བྲིས་འདུག་ཀྱང་། ལི་ཝ་ཆོས་ལྡིང་དགོན་འདི་རྗེ་སྨར་པའི་རྣམ་ཐར་དང་།  ཙོམ་མདོའི་གདན་རབས།  སྤང་མཁན་ཆེན་གྱི་རྣམ་ཐར་སོགས་སྨར་ཚང་གི་ལོ་རྒྱུས་ཁུངས་ལྡན་གང་དུ་ཡང་མེད་པས།  རྗེ་སྨར་པས་ཕྱག་བཏབ་པའི་དགོན་པ་ཡིན་པའི་ཁུངས་སྐྱེལ་མ་རྙེད་བར་དུ།   སྨར་ཚང་བཀའ་བརྒྱུད་ཀྱི་དགོན་ལག་ཐོར་སོང་བའི་ལོ་རྒྱུས་ཀྱི་གྲས་སུ་འཇོག་ཐུབ་ཐབས་མེད་ལ།  རྗེ་འགྲོ་མགོན་རིན་ཆེན་སོགས་སྨར་ཚང་གི་བླ་མ་རྣམས་ཀྱིས་ཕྱག་བཏབ་པའི་དགོན་ལག་ཡོངས་སུ་ཉམས་ཞིབ་བྱས་དང་བྱེད་བཞིན་པའི་གྲས་སུ་།  དུས་ད་ལྟའི་བར་ལི་ཝ་ཆོས་ལྡིང་དགོན་ཟེར་བ་ཞིག་ལོ་རྒྱུས་རྙེད་མེད།  གལ་ཏེ། ཁྱེད་ཚོས་རྙེད་སོན་བྱུང་ཚེ་ངེས་པར་དུ་སྨར་ཚང་བཀའ་བརྒྱུད་ཀྱི་དགོན་ལག་གྲས་སུ་བཀོད་ངེས་ཡིན།    འདི་ག་སྨར་ཚང་ལོ་རྒྱུས་ཉམས་ཞིབ་ཁང་གིས་མི་ལོ་བརྒྱད་བརྒྱ་ལྷག་སོང་ཟིན་པའི་ལོ་རྒྱུས་རྣམས་ཁ་སྒྲུང་ལ་ཁུངས་སྐྱེལ་ཚེ་དཔྱད་གཞིའི་གྲས་ལས་ཕྱིར་ཕུད་ཀྱིས་ཡོད།

ཡང་ཕུན་ཚོགས་ལགས་ཀྱིས་ལོ་རྒྱུས་དེ་ཉིད་ལས།  “དེ་ནས་མདའ་མདོ་ལི་ཝ་ཆོས་ལྡིང་དགོན་དུ་འདུས་ཏེ་རྒྱལ་དབང་ལྔ་པའི་དུས་སུ་དགེ་ལུགས་སུ་འགྱུར་ཏེ་ད་ལྟ་མདའ་མདོ་དགོན་པ་འདི་ཉིད་ཡིན།” ཞེས་བྲིས་པའི་ཚུལ་འདི་ལྟ་བུ་བོད་ཀྱི་ལོ་རྒྱུས་བྲིས་པའི་ནང་དུ་ཆེས་མང་པོ་ཡོད།  འདྲིས་པ། ཐིམ་པ། འདུས་པ་ཟེར་བ་སོགས་མ་བརྟགས་མ་དཔྱད་པར་རང་སྣང་སྤྲོ་བའི་ངང་ནས་བཤད་མཁན་ཡོད་པས། ཕྱི་རབས་པ་རྣམས་ལ་ཕན་པའི་ཕྱིར་ཅུང་ཟད་དཔྱད་ན།   འདུས་ཟེར་བ་འདི།  གྲྭ་པ་འདུས་པ།   ཆོས་བརྒྱུད་འདུས་པ།  མཆོད་རྫས་འདུས་པ་གསུམ་ལ་དབྱེར་ན།  དང་པོ་སོག་པོས་ཤོ་དགོན་དུ་ལོ་ཉི་ཤུའི་རིང་དམག་སྒར་བྱས་པས་གྲྭ་པ་སྟོང་ཟིན་པས། ལི་ཝ་དགོན་ལ་འདུས་ཡོང་རྒྱུས་གྲྭ་པ་གཅིག་ཀྱང་མེད་ཚུལ་ལོ་རྒྱུས་ལ་བལྟས་ན་ཤེས།  གཉིས་པ། བླ་གྲྭ་མེད་ན་ཆོས་བརྒྱུད་འདུས་ཡོང་རྒྱུ་མེད་པར་དོན་གྱིས་རྟོགས་ཐུབ་ལ།   གསུམ་པ། སོག་དམག་ཤོ་དགོན་དུ་ཡོང་དུས་མཆོད་རྫས་རྩ་ཆེན་རྣམས་རི་བྲག་སུལ་དུ་སྦས་ཐུབ་ཡོད་ཅིང་།  སྦས་མི་ཐུབ་པའི་རིགས་རྣམས་སོག་པོས་འཁྱེར་སོང་ཚུལ་གསལ་བར་མངོན་ཡོད།  གལ་ཏེ། ལི་ཝ་དགོན་འདི་སྨར་ཚང་གི་དགོན་པ་ཡིན་པའི་དབང་དུ་བཏང་ན་ཡང་།  

ལི་ཝ་དགོན་པ་འདི་དགེ་འདུན་རྣམས་རྒྱལ་དབང་ལྔ་པའི་དུས་དགེ་ལུགས་སུ་གྱུར་བས་དགེ་ལུགས་ཀྱི་བསྟན་པ་ལ་ཐོས་བསམ་སྒོམ་གསུམ་བྱེད་པའི་ལོ་དུས་དེ་ནས་བཟུང་།  སྨར་ཚང་བཀའ་བརྒྱུད་ཀྱི་ཐོས་བསམ་སྒོམ་གསུམ་བྱས་པའི་ལི་ཝ་ཆོས་ལྡིང་དགོན་དེ་སྟོང་པ་དང་།  སྨར་ཚང་གི་བསྟན་པ་ཕྱིར་ཕུད་པ།  སྨར་ཚང་གི་བསྟན་པ་དོར་བ་ཡིན་པས།   དགོན་མིང་ཡང་དོར་ནས་མདའ་མདོ་བཤད་སྒྲུབ་དར་རྒྱས་གླིང་ཞེས་བསྒྱུར་འདུག་པས།  སྨར་ཚང་གི་མིང་ཙམ་ཡང་འབོད་འདོད་མེད་པའི་དོལ་རྒྱལ་དགོན་པ་གཅིག་གིས་ད་ལྟ་གློ་བུར་དུ་སྨར་ཚང་གི་དགོན་ལག་ཡིན་ཟེར་བ་འདི།   དུར་ཁྲོད་སེལ་བ་ཚལ་གྱི་བུ་རོ་གཅིག་ལ་དར་མ་མདོ་སྡེ་གྲོང་འཇུག་བྱས་ནས་བུ་དེ་ཡིན་མདོག་སྟོན་པ་ལྟར།  སྨར་ཚང་བཀའ་བརྒྱུད་བསྟན་པ་བཤིག་ནས་ལོ་བཞི་བརྒྱའི་རྗེས་སུ།   མདའ་མདོ་དགོན་པ་ཤོ་དགོན་གྱི་མིང་ལ་གྲོང་འཇུག་བྱས་ནས་ཡིན་མདོག་སྟོན་པ་འདི་དགོད་བྲོ་མོ་རེད་ལ།  དོན་དངོས་དང་ཡོངས་སུ་འགལ་བ་ཞིག་ཀྱང་རེད།   དེའི་ཚེ་དེའི་དུས་བཀའ་བརྒྱུད་ཀྱི་བླ་མས་བཏགས་པའི་དགོན་མིང་ཙམ་ཡང་རང་སྲོལ་མི་བཞག་པའི་ཚུལ་འདིར་ཞིབ་མོ་བལྟས་དུས། རྣམ་དཔྱོད་ལྡན་པ་ཞིག་ཡིན་ན་དགོན་འདིའི་ནང་དུ་རྗེ་སྨར་པའི་སྐུ་འདྲ་དང་།  ཞྭ་མོ། ཌ་མ་རུ།  རྔ་སོགས་མཆོད་རྫས་རྣམས་གནས་ཐུབ་པའི་ཁོར་ཡུག་གཅིག་ཡིན་མིན་ངེས་པར་རྙེད་སླ་བ་ཞིག་ཏུ་གྱུར་ཡོད།

འདི་དགོད་བྲོ་བ་ཡོད་དེ།   བྲག་གཡབ་བ་པདྨས་ཤོ་དགོན་དེ་རིམ་པ་མང་པོ་རྒྱུན་ནས་བླ་དཔོན་སྦྲག་མ་གཅིག་རང་གྲུབ་དཔོན་ཚང་ལ་འདྲིས་ཟེར།  ཡང་གཅིག་བཤད་དུས་ཤོ་དགོན་གྱི་མགོན་ཁང་རྟེན་དང་བཅས་པ་དུས་འགྱུར་གྱི་བར་ཡོད་ཟེར།  བྲག་གཡབ་བ་མི་བུ་འགའ་ཤས་པདྨའི་སྒྲུང་གི་རྗེས་སུ་འདྲོགས་ནས་རྩོམ་རྙོག་འགའ་ཤས་བྲིས།  ད་ལྟ་རྒན་ཕུན་ཚོགས་ཀྱིས་ཤོ་དགོན་དེ་ལི་ཝ་དགོན་ལ་འདུས།  ལི་ཝ་ལྡིང་དགོན་དེ་དགེ་ལུགས་ལ་འདུས་ཟེར། ཤོ་དགོན་གྱི་ལོ་རྒྱུས་དེ་བྱ་འུག་པའི་ཆོས་བཤད་འདྲ་བོ་གཅིག་ལས་གཅིག་དགོད་བྲོ་བ་ཉིད་དུ་གྱུར་སོང་།  

ཕུན་ཚོགས་ལགས་ཀྱིས་དེ་ཉིད་ལས།  “སྨར་ཚང་བཀའ་བརྒྱུད་ནས་ད་བར་ལོ་ངོ་བརྒྱད་བརྒྱ་ལྔ་བཅུ་ལྷག་གི་ལོ་རྒྱུས་ལྡན་ཞིང་། ད་ལྟ་འཇམ་མགོན་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེན་པོའི་རིང་ལུགས་དྲི་མ་མེད་པར་འཛིན་སྐྱོང་སྤེལ་བའི་དགོན་སྡེ་ཞིག་ཏུ་གྱུར།”ཞེས་ལོ་བརྒྱད་བརྒྱ་ལྔ་བཅུ་ལྷག་ཟེར་བ་ནི་ཧམ་རྫུན་ཡིན།  དགོན་འདི་སྨར་ཚང་བཀའ་བརྒྱུ་མ་ཡིན་པར་ཐལ།   རྗེ་ཙོང་ཁ་པའི་རིང་ལུགས་དྲི་མ་མེད་པར་འཛིན་སྐྱོང་སྤེལ་བའི་དགོན་སྡེ་ཡིན་པའི་ཕྱིར།  དགོན་འདི་ཤོ་དགོན་འདུས་མེད་པར་ཐལ།  ལོ་འཁོར་ཧྲིལ་པོ་སྨར་ཚང་གི་ཆོས་ཀྱི་བྱེད་སྒོ་གཅིག་ཀྱང་མེད་པའི་ཕྱིར།  ཞེས་རིག་ལམ་ཁས་ལེན་མཁན་གཅིག་ཡིན་ན།  ཐལ་རྟགས་གཅིག་གིས་ཚར་བཅད་ཚར་རེད།  འོན་ཏེ། མི་འདི་དག་རྨོ་རྒན་ཁོག་གཅིག་དང་འདྲ་བས། སྐབས་རེ་སྨར་ཚང་འདི་མི་གཅིག་ཡིན་པའི་ཟོ་འདྲ་བོ་བཤད་།   སྐབས་རེ་སྨར་ཚང་འདི་མཆོད་རྫས་འགའ་ཤས་ཡིན་པའི་བཟོ་འདྲ་བོ་བཤད།  སྐབས་རེ་སྨར་ཚང་འདི་དགོན་ཤུལ་གྱང་རོ་གཅིག་ཡིན་པའི་ཟོ་འདྲ་བོ་བཤད།  སྐབས་རེ་སྨར་ཚང་འདི་དགོན་མིང་གཅིག་ཡིན་པའི་ཟོ་འདྲ་བོ་བཤད།  ད་ལྟ་སྨར་ཚང་གི་མིང་དང་མཆོད་རྫས་རྫུན་ཟོ་བྱ་རྒྱུའི་དམིགས་ཡུལ་ཁོ་ན་བཅངས་ནས་རྩོད་པ་ཙམ་ལས།  སྨར་ཚང་ཉམས་གསོ་བྱས་ནས་མི་ལོ་བཅུ་ཕྲག་གི་རིང་སྨར་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་འཛིན་སྐྱོད་སྤེལ་གསུམ་བྱས་མྱོང་བ་དང་།  བྱེད་བཞིན་པ། བྱ་ངེས་པའི་སྐོར་ཚིག་གཅིག་ཀྱང་ཤོད་མཁན་བྱུང་མེད་པ་འདི།  བ་རྔ་བསྟན་ནས་བོང་ཤ་འཚོང་འདོད་ཁོ་ན་ཡིན་པར་མངོན་རྗེན་དོན་པོར་གྱུར་ཡོད།   དང་པོ་ལི་ཝ་ཆོས་ལྡིང་དགོན་འདི་སྨར་ཚང་གི་ལོ་རྒྱུས་གང་དུ་ཡོད་དམ།   གཉིས་པ་ཤོ་དགོན་ལི་ཝ་ཆོས་ལྡིང་དགོན་དུ་འདུས་པའི་ལོ་རྒྱུས་དཔང་ཡིག་གང་དུ་ཡོད་དམ།  གསུམ་པ་རྒྱལ་བ་ལྔ་པའི་དུས་ལི་ཝ་ཆོས་ལྡིང་དགོན་དགེ་ལུགས་སུ་གྱུར་པའི་ལོ་རྒྱུས་གང་དུ་ཡོད་དམ།  བཞི་པ་མདོ་ལྷུའི་རི་ཤོ་དགོན་གྱི་གནས་ཤུལ་ཡིན་ཚུལ་སྨར་ཚང་བླ་རབས་དགུའི་རྣམ་ཐར་གང་དུ་ཡོད་དམ།                                

                                         ལྔ་པ་གནས་བདག་འབེ་ཉ་ལ་དཔྱད་པ།

                                     ་IMG_4704.JPG

རྗེ་སྨར་པ་རིན་པོ་ཆེས་དཔལ་བཀྲ་ཤིས་དགོན་པའི་གནས་བཤད་ལས།   “བྱང་སེམས་ཀླུ་ཆེན་རྒྱབ་རི་ཡིས།  །ཉམས་དགའ་བཞི་ཡི་ཐུང་ཆུ་སྟེར། །ཕྱོགས་སྐྱོང་རིའི་ར་བས་བསྐོར། །བཀའ་བརྒྱུད་ཆོས་སྐྱོང་འདུ་བའི་བརྟགས། །བྱང་ནས་ཆོས་སྐྱོང་ལྷ་མོས་བསྐོར། །ཕྱི་ནང་བར་ཆད་མེད་པའི་བརྟགས། །”ཞེས་གསུངས་པ་ལྟར། དཔལ་བཀྲ་ཤིས་དགོན་པའི་རྒྱབ་རི་ལ་བྱང་སེམས་ཀླུ་ཆེན་ཟེར་བ་དང་། ཕྱོགས་སྐྱོང་རི་ཟེར་བ་དེས་རྒྱབ་རིའི་མཐའ་ནས་ར་བ་ལྟར་བསྐོར་ཡོད་པ་དང་། བྱང་གི་ཕྱོགས་ནས་ཆོས་སྐྱོང་ཟེར་བའི་རི་དེས་བསྐོར་ནས་ཡོད་པ་དང་། རི་དེའི་གནས་བདག་ལྷ་མོ་ཞིག་ཡིན་པར་གསལ་པོ་གསུངས་པའི་ནང་དུ།  གནས་བདག་འབེ་ཉ་ཟེར་བ་གཅིག་མེད་པར་མ་ཟད།  གྲུབ་ཆེན་གཤའ་པའི་རྣམ་ཐར།  སྤང་མཁན་ཆེན་གྱི་རྣམ་ཐར། ཙོམ་མདོའི་བླ་རབས་སོགས་ལོ་རྒྱུས་གང་དུ་ཡང་། ཤོ་དགོན་གྱི་གནས་བདག་འབེ་ཉ་ཟེར་བ་གཅིག་སྒྲ་དྲི་མ་བྲོ་སར་མེད་པས། གནས་བདག་འབེ་ཉ་འདི་གཅིག་པུས་ས་གནས་འདི་ཤོ་དགོན་གྱི་གནས་ཤུལ་མིན་པའི་དཔང་བརྟགས་ཆེན་པོར་གྱུར་ཡོད།   

                        དྲུག་པ་ཤོ་དགོན་གྱི་གནས་ཤུལ་ལ་ཉམས་ཞིབ་ངེས་པར་རྙེད་པ།

IMG_4710.JPG་་IMG_5058.JPGIMG_5064.JPG

པར་འདི་གཉིས་མདོ་ལྷུ་རི་ལ་འཇམ་སྤྲུལ་གྱི་ལྷ་ཁང་རེད།                          པར་འདི་དགོན་སྟེང་རག་སྤྲུལ་གྱི་ལྷ་ཁང་གི་ས་རེད།

 

མདོ་ལྷུའི་རི་དང་དགོན་སྟེང་གི་བར་འཕྲུལ་རྟ་གཞོན་ནས་ཆུ་ཚོད་ཕྱེད་ལྷག་འགྲོ་དགོས་པའི་བར་སྟོང་ཡོད།  ཁོང་གཉིས་ཀ་ལ་ས་གནས་དེ་གཉིས་ཤོ་དགོན་གྱི་གནས་ཤུལ་ཡིན་པའི་ཁུངས་སྐྱེལ་ཅི་ཡང་མེད། བྲག་གཡབ་བ་རེ་ཟུང་གིས་འདི་ཤོ་དགོན་གྱི་གནས་ཤུལ་ཡིན་ཞེས་སྡིག་པ་མིག་བཙུགས་བྱས་ནས་ཨུ་ཚུགས་མཐར་སྐྱེལ་བྱས་པ་དང་། རག་སྤྲུལ་གྱིས་སྨར་ཚང་ལོ་རྒྱུས་ལས་བཤད་པ་གཉིས་ནང་འགལ་རྫབ་ཆེན་གྱུར་ཚུལ་ཤོ་ཙོམ་དཔྱད་པའི་ཚངས་ཐིག་ལ་ཞིབ་རྒྱས་ཡོད་པས་འདི་ངོ་སྤྲོད་ཙམ་ཡིན།

         IMG_5061.JPGIMG_4709.JPG

འཇམ་སྤྲུལ་གྱི་ལྷ་ཁང་གི་གྱང་རོ་ལ་ཡོད་པའི་རྡོ་སྐུ་འདི་དང་།  རས་གོན་གཡོག་པའི་རྡོ་སྐུ་འདི་གཉིས་གཅིག་རེད།

 སྨར་ཚང་ཉམས་ཞིབ་ཁང་གིས་ལོ་བཅུའི་གོང་ནས་རྡོ་སྐུ་འདི།  སྨར་ཚང་གི་ལོ་རྒྱུས་ཀྱི་ནང་དུ་ལྷ་ཁང་དང་སྐུ་འདྲ་སོགས་མཆོད་རྫས་ཀྱི་མིང་ཐོ་ནང་དུ་འདི་འདྲ་ཞིག་ཡོད་པར་མཐོང་རྒྱུ་མེད་ཅིང་།  ལྷག་པར་དུ་སོག་པོས་ཤོ་ཙོམ་གཉིས་བསྟོར་བཤིག་བྱས་པའི་དུས།  རྗེ་སྨར་པ་དང་འགྲོ་མགོན་རིན་ཆེན་སོགས་བླ་ཆེན་རྣམས་ཀྱི་ཕྱག་རྫས་རིན་ཐང་བྲལ་བ་རྣམས་བྲག་སུལ་དུ་སྦས་པའི་ཐོ་ཡིག་ཅིག་རྙེད་པ་ནང་དུའང་རྡོ་སྐུའི་ལོ་རྒྱུས་ཤིག་ཐོན་མེད་པས། སྨར་ཚང་ཉམས་ཞིབ་ཁང་གིས་སྨར་ལུགས་གནའ་རྫས་ཡིན་པའི་བདེན་དཔང་ཚད་མ་མ་རྙེད་ཀྱི་བར་ངོས་འཛིན་མི་རུང་བ་ཡིན།

དང་པོ།  རྡོ་སྐུ་འདི་ཤོ་དགོན་གྱི་ནང་བསྟན་ཡིན་པའི་དཔང་བརྟགས་ལོ་རྒྱུས་ཡིག་ཆ་ཡོད་དམ།  གཉིས་པ།  རྡོ་སྐུ་འདི་ཤོ་དགོན་གྱི་ནང་བསྟན་ཡིན་པ་སུའི་ཤེས་པ་ཡིན་ནམ།  དོགས་དྲིས་འདི་དག་སེལ་དགོས་ན་སྨར་ཚང་ཉམས་ཞིབ་ཁང་གི་དཔྱད་དོན་ངེས་པར་རྙེད་པ་ཤ་སྟག་ཡིན་དགོས།

IMG_5060.JPGIMG_5055.JPGIMG_5054.JPG

འདི་འཇམ་སྤྲུལ་གྱི་ལྷ་ཁང་ནང་གི་རྫ་མ་ཡིན། འདི་ཁྱིམ་གྱི་་སུར་པན་རྡུང་སའི་རྡོ་ཡིན།  འདི་ཤོ་དགོན་ལ་སྐྱོད་ཟེར་བའི་རྡོ་རྐོས་ཡིན།

 

བཀའ་འབུམ་རྒྱལ་གྱིས་དངོས་པོ་འདི་རྣམས་དཔང་བསྟན་པའི་རྐྱེན་གྱིས་སྨར་ཚང་ཉམས་ཞིབ་ཁང་གིས་བྲག་གཡབ་དུ་མི་དངོས་བཏང་ནས་དཔྱད་དུས་རྫ་མ་དང་རྡོ་འདི་རྣམས་གསར་པ་ཡིན་པའི་ངེས་པར་རྙེད་ཡོད། དེ་ནས་བཟུང་སྨར་ཚང་གི་གནའ་རྫས་རྫུན་ཟོ་བྱས་མཁན་ཡོད་པའི་དོགས་པ་ཆེན་པོ་ཞིག་རང་ཤུགས་སྐྱེ་དགོས་པར་གྱུར་ཏེ། མི་ལོ་བཅུའི་རིང་མི་རྒྱུ་གཉིས་ཀྱིས་ནུས་པ་ཡོད་ཚེ་སྟོན་ནས་ཉམས་ཞིབ་མཐར་ཕྱིན་བྱས་པས།  བསམ་ཡུལ་ལས་འདས་པའི་གནའ་རྫས་རིན་ཐང་བྲལ་བ་མང་པོ་ཞིག་སྨར་ཚང་བཀའ་བརྒྱུད་ཀྱི་ལག་ཏུ་སོན་ཡོད་པས། མདོ་ལྷུ་རི་བོ་འདི་ཤོ་དགོན་གྱི་གནས་ཤུལ་མིན་ཚུལ་ངེས་པར་རྙེད་ཡོད་ཀྱང་སྐལ་བཟང་གི་ཉིན་མོ་མ་ཤར་བར་གསང་གནས་ཀྱི་གྲས་སུ་འཇོག་རྒྱུས་ལས་ཐབས་མེད་པར་གྱུར་ཡོད།

                                   བདུན་པ་རྡོ་ཕུག་དང་རྡོ་ཁྲི་ལ་དཔྱད་པ། 

           IMG_4706.JPGIMG_4705.JPGIMG_4707.JPG

གཡམ་རྡོའི་ཕུག་པ་འདི་དང་རྡོ་ཁྲི་འདི་གཉིས་ཨ་འགོ་བླ་མ་ཚེ་རིང་བཀྲ་ཤིས་ཀྱི་རི་ཁྲོད་ཀྱི་གཡམ་རྡོ་སྒྲུབ་ཕུག་རེད་ཟེར་བ་དང་།  སྨར་ཚང་བཀའ་བརྒྱུད་པའི་བླ་མ་རྣམས་ཀྱི་སྒྲུབ་ཕུག་རེད་ཟེར་སྲོལ་གཉིས་འདུག་ཀྱང་།  འདི་སྨར་ཚང་གི་བླ་མའི་སྒྲུབ་ཕུག་ཡིན་སྲིད་དེ།  ཉག་བྲེ་སྨེར་གཤིས་དགོན་པ་སོགས་སྨར་ཚང་གི་ཆོས་བརྒྱུད་དར་ཡོད་པས་སྒྲུབ་ཕུག་མང་པོ་ཡོད་ངེས་ཡིན་ལ་ཡོད་ཀྱང་ཆོག་པས་དཔྱད་ཞིབ་ཀྱི་གྲས་སུ་འཇོག་མེད།   རྡོ་ཕུང་འདི་རྗེ་སྨར་པའི་ཆོས་ཁྲི་ཡིན་ཟེར་བ་དང་ཨ་འགོ་བླ་མའི་བཀའ་འགྱུར་ལུང་གནང་ས་རེད་ཟེར་སྲོལ་གཉིས་འདུག་ཀྱང་།  རྗེ་སྨར་པ་དབུས་ནས་སྨར་ཁམས་རུ་ཤོད་དུ་ཕྱིར་ཕེབས་དུས་ཉག་བྲེ་བ་ལ་ཆོས་གསུངས་པའི་གནས་དེར་དྲན་རྟེན་ཆེད་དུ་རྡོའི་ཁྲི་བཞེངས་ཡོད་སྲིད་པའི་དཔེ་མཚོན་མང་པོ་ཡོད། ལོ་རྒྱུས་ལ་ཕུག་དེད་ས་མེད་པའི་ས་མིང་རྡོ་མིང་འདི་དག་ལ་སྨར་ཚང་ཉམས་ཞིབ་ཁང་གིས་གལ་ཆེན་མ་མཐོང་བས་དམིགས་བཀར་གྱིས་དཔྱད་གྲས་སུ་འཇོག་མེད་པས་ཡིན་ཟེར་ཡང་ཆོག་ལ་མིན་ཟེར་ཡང་ཆོག་པ་རེད་སྙམ།

                                བརྒྱད་པ་ཡིག་བརྐུས་བྱས་པས་ཁྲིམས་འགལ་གྱུར་ཚུལ།

          IMG_4714.JPG

 

 

       IMG_4715.JPG

འདི་ཤོག་གྲངས་བཞི་པ་དང་ལྔ་པ་འདི་གཉིས་ཀྱི་བརྗོད་བྱ་རྗོད་བྱེད་དང་ཡིག་ཕྲེང་གོང་འོག་གི་འགྲོས་དང་བཅས་པར་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་དྲ་བའི་སྟེང་དུ་བཀོད་པ།  ཤོ་ཙོམ་དཔྱད་པའི་ཚངས་ཐིག་ཏུ་བཀོད་པ།  དོགས་སེལ་ཤེལ་གྱི་ལེ་ལོང་དུ་བཀོད་པ་རྣམས་ཇི་བཞིན་དུ་བརྐུས་ནས་འདྲ་ཤུལ་བྱས་འདུག་པས།   ཡིག་ཆའི་བདག་དབང་སྨར་ཚང་ལས་ཁུངས་ལ་ཡོད་པས་ཆོག་མཆན་མེད་པར་འདྲ་ཤུལ་མི་ཆོག་ཅེས་ཉེན་བརྡ་བཏང་བ་མཐོང་བཞིན་དུ་བརྐུས་པ་འདི།  རྒྱལ་སྤྱིའི་ཁྲིམས་ལུགས་ལ་ཡིག་ཆའི་བདག་དབང་མེད་པར་བརྐུས་པའི་ཉེས་ཅན་པ་ཡིན་པས།  བཟང་སྤྱོད་ཐོག་ནས་ངེས་པར་ཕྱིར་འཐེན་བྱེད་དགོས་ངེས་ཡིན།  རྐུན་མ་ཧམ་པ་ཆེན་ན་བདག་པོ་མགོ་ལག་གཏུགས་ཟེར་བ་ལྟར། གཞན་རྒྱུ་བརྐུས་ནས་རང་རྒྱུ་བྱེད་འདོད་ཀྱང་ནམ་ཡང་གཞན་རྒྱུ་ཡིན་པས་ངོ་ཚ་ཁ་སྐྱེངས་ཡོང་རྒྱུ་ལས་བློ་བདེན་བག་འཕེལ་ཡོང་མི་སྲིད།  ད་དུང་བརྐུ་ན་ངེས་པར་དུ་འཐེན་འདོན་བྱ་རྒྱུ་ཡིན།   གལ་ཏེ། བརྐུས་མེད་ན།  ལོ་རྒྱུས་འདི་སྨར་ཚང་ལས་ཁུངས་ཀྱི་ཕྱིན་བཏོང་བྱས་པའི་ཡིག་ཆ་མ་ཡིན་པ་འདི་འདྲ་ཚིག་དོན་ཇི་བཞིན་ཡིན་པར་གཅིག་ཡོད་ན་བསྟན་རྒྱུ་དགོས་ངེས་ཡིན་པས།   ལོ་རྒྱུས་འདི་ཚིག་ཕྲེང་ཇི་བཞིན་ལོ་རྒྱུས་གང་ནས་རྙེད་པ་ཡིན་ནམ།

                         དགུ་པ་མདའ་དགོན་འདི་གུང་ཁྲན་གྱི་སྔོན་ཐོན་དུ་གྱུར་ཚུལ།

            IMG_4728.JPG

 

                      

པར་བླངས་པའི་ཡིག་ཕྲེང་རེ་རེ་བཞིན་ཕབ་ཡོད།  “དགོན་འདིར་ཆོག་མཆན་ཐོབ་ནས་བཟུང་ཏེ་ད་བར་རྒྱལ་ཁབ་ལ་ངོ་ལོག་དང་ཟིང་འཁྲུགས་ཁྲིམས་འགལ་སོགས་ཀྱི་གནས་ཚུར་གཅིག་ཀྱང་བྱུང་མྱོང་མེད་ལ། རྒྱལ་གཅེས་ཆོས་གཅེས་དང་། ཞི་བདེ་བརྟན་བརླིང་སྲུང་སྐྱོབ། སྤྱི་ཚོགས་འཆམ་མཐུན་གྱི་སྒོ་ནས་རྒྱལ་ཁབ་དང་དམངས་ལ་ཞབས་འདེབས་དང་ལེགས་སྐྱེས་ཆེན་པོ་ཕུལ་བའི་འཆམ་མཐུན་དགོན་པ་དང་སྔོན་ཐོན་གྱི་བླ་གྲྭ་ཤ་སྟག་ཡིན།”   གུང་ཁྲན་ཏང་གིས་དམིགས་ཡུལ་བོད་གཞི་བྱེས་གཉིས་ཀྱི་སྤྱི་ཚོགས་དང་ཆོས་ལུགས་ཟིང་འཁྲུག་ལངས་ནས་རྩོད་རྙོག་བྱུང་བའི་འཐབ་ཇུས་ཆེན་ཤོས་གཉིས་ལས།   ཆོལ་ཁག་འཐེན་ཁྱེར་གྱི་དཀྲོག་གཏན་སྤེལ་བ།  ཆོས་ལུགས་འཁྲུག་རྩོད་ཀྱི་དཀྲོག་གཏམ་སྤེལ་བ་དེ་གཉིས་ཡིན།  བྲག་གཡབ་མདའ་མདོ་དགོན་པའི་བླ་གྲྭ་རྣམས་གུང་ཁྲན་གྱི་སྔོན་ཐོན་པ་ཤ་སྟག་ཡིན་པས།  འདི་ཆོས་ལུགས་འཁྲུག་རྐྱེན་གྱི་ཆ་ཤས་སུ་གཏོགས་པའི་སྨར་ཚང་གི་ལོ་རྒྱུས་དང་གནའ་རྫས་རྫུན་ཟོ་བྱེད་པ། རྫུན་གཏམ་སྤེལ་བ།  ལོ་རྒྱུས་བརྐུས་པ་སོགས་ཡོད།  འདི་ཁུངས་ལུང་གཏན་ནས་མེད་ཀྱང་སྨར་ཚང་བཀའ་བརྒྱུད་ཀྱི་ལོ་རྒྱུས་དང་གནའ་རྫས་ལ་ཁ་གཡར་ནས།  སྨར་ཁམས་དང་བྲག་གཡབ་བར་འཁྲུག་རྩོད་ལངས་རྒྱུའི་ངན་ཇུས་འབའ་ཞིག་རྩོམ་པ་ལས།  ཚད་ལྡན་གྱི་ལོ་རྒྱུས་དང་གནའ་རྫས་གཅིག་ཀྱང་མེད་པར་གོང་འཁོད་ཀྱི་དངོས་དཔང་རྣམས་ལ་བརྟེན་ནས་ངེས་པར་རྙེད་པས།  བོད་མི་རྣམ་དཔྱོད་ལྡན་པ་ཡོངས་ཀྱིས་མདའ་མདོ་དགོན་པས་དཀྲོག་གཏམ་དེ་རིགས་དོགས་བཟོད་ངེས་པར་གནང་རོགས།

 

                          ༼   སྨར་ཚང་ལས་ཁུངས་ནས་གསལ་བསྒྲག་སྤེལ་བ།  ༽

སྨར་ཚང་བཀའ་བརྒྱུད་ཀྱི་ལས་ཁུངས་ནས་ཕྱིར་གཏོང་མིན་པའི་གནའ་རྫས་ཀྱི་པར་དང་།  དགོན་པའི་ལོ་རྒྱུས།  ཤོ་དགོན་དང་ཙོམ་མདོ་གཉིས་ཀྱི་མིང་།  སྨར་ཚང་ཕྱག་ཆེན་གྱི་མིང་། སྨར་ཚང་ལམ་རིམ་གྱི་མིང་སོགས་རྒྱལ་སྤྱིའི་ཁྲིམས་ལུགས་བཞིན་དེབ་སྐྱེལ་བྱས་ཡོད་པས།  སྨར་ཚང་ལས་ཁུངས་ལ་མ་འདྲི་བར་རང་དགའ་བེད་སྤྱོད་གཏོང་ཚེ་ཁྲིམས་ཆད་ཕོག་ངེས་ཡིན་པ་འདིས་ཀྱང་མཁྱེན་པར་གནང་རོགས།   སྨར་ཚང་བཀའ་བརྒྱུད་ཀྱི་ལོ་རྒྱུས་ཉམས་ཞིབ་ཁང་གིས་ཕྱི་ལོ་༢༠༡༩་ཟླ་བ་༣་ཚེས་༡༠་ལ་བསྒྲིགས་སྤེལ་བྱས་སོ། །